ཨོ་རྒྱན་གྱིས་བསྒྱུར། 2023-10-26
དར་མདོ་གྲོང་ཁྱེར་གྱི་གྲོང་མཐའ་སྐོར་བའི་མྱུར་ལམ་འདི་ནི་གཡག་ཡེ་མྱུར་ལམ་དར་མདོའི་ས་ཁོངས་བརྒྱུད་པའི་ལམ་དུམ་གྱི་འགག་རྩའི་ལས་གྲྭ་ཞིག་ཡིན་ལ། གདན་ཐོག་རི་བོའི་ཕུག་ལམ་དང་པོའི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཕུག་ལམ་ཆེས་རིང་བའི་དེ་ཆུ་བོ་དང་རི་ཁུལ་དང་ཐག་ཉེ་ལ་ས་འོག་དབྱིབས་འགྱུར་ཁུལ་དང་། ས་མཐོའི་བར་ཤུགས། གས་སྲུབས་ས་རྒྱུད་བརྒྱུད་པར་མ་ཟད། བྲག་རྡོ་འགྱུར་ལྡོག་ཆེ་བ་དང་གས་ཆག་ཡང་ཡང་ཐོན་པས་ས་གཤིས་གྲུབ་ཆ་རྙོག་འཛིང་ཆེན་པོ་ཡོད་པ་རེད། གཞན་ཡང་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དུ་གནས་ཡོད། གནམ་གཤིས་ངན་ལ་འགྱུར་ལྡོག་ཆེ་བས་འཛུགས་སྐྲུན་གྱི་དཀའ་ཚེགས་ཆེ་ལ་ཉེན་ཁའང་ཆེན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཡག་ཡེ་མྱུར་ལམ་དར་མདོའི་ས་ཁོངས་བརྒྱུད་པའི་ལམ་དུམ་དེ་ནི་སི་ཁྲོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད་ལྟར། སྤྱི་ལོ2014ལོ་ནས་སྤྱི་ལོ2030ལོ་བར་གྱི་ཁྲེང་ཏུའུ་ནས་དར་མདོ་བར་དང་དར་མདོ་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཆ་ཤས་ཤིག་ཡིན་ལ། འདི་བསྐྲུན་ཟིན་རྗེས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སྦྲེལ་ནས་འགྲིམ་འགྲུལ་གྱི་གནོན་ཤུགས་ཡང་དུ་གཏོང་ཐུབ་བོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10