རྟ་མགྲིན་གྱིས་བསྒྱུར། 2024-06-12
སྤྱི་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར་སི་ཁྲོན་ཞིང་ཆེན་གྱི2024ལོའི་མཐོ་སློབ་དཀྱུས་མའི་སློབ་མ་བསྡུ་བའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་མཇུག་འགྲིལ།
བསླབ་ཚན་ཁག་གི་རྒྱུགས་ལེན་ལས་འགན་ཚང་མ་ཉེན་མེད་དང་སྐྱོན་བྲལ། གོ་རིམ་ལྡན་པའི་སྒོ་ནས་ལེགས་གྲུབ་བྱུང་བ་དང་རྒྱུགས་ཞུགས་སློབ་མ་རྣམས་བསླབ་ཚན་ཚང་མའི་རྒྱུགས་ལེན་ལ་ཞུགས་པ་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་རྒྱུགས་ལེན་སྒྲིག་གཞི་དེ་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་རོགས་རམ་འོག་སློབ་གསོ་པུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། ནུས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་ཉེན་མེད་གསང་སྲུང་དང་། རྒྱུགས་སྲོལ་སྒྲིག་ལམ། འགྲིམ་འགྲུལ་འགྲོ་སྐྱོད། ཁོར་ཡུག་བཅོས་སྐྱོང་། གློག་ཤུགས་འགན་ལེན། རྒྱུགས་ཞུགས་སློབ་མར་ཞབས་འདེགས་སོགས་ཀྱི་ཐད་བྱ་ཐབས་ཏན་ཏིག་སྤྱད་དེ་མཐོ་རྒྱུགས་ཀྱི་ལས་དོན་ཁག་དམ་འཛིན་ནན་པོ་བྱས་ནས“མཐོ་རྒྱུགས་ཉེན་མེད”ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱུང་།
ད་ལོའི་སི་ཁྲོན་ཞིང་ཆེན་གྱི་མཐོ་སློབ་དཀྱུས་མའི་སློབ་མ་བསྡུ་བའི་རྒྱུགས་ལེན་ལས་དོན་གྱི་འཕེལ་རིམ་གཞིར་བཟུང་ནས་སྤྱི་ཟླ6པའི་ཚེས10ཉིན་ནས་བཟུང་རྒྱུགས་ཤོག་དཔྱད་བསྡུར་གྱི་ལས་དོན་ལ་ཞུགས་པ་དང་སྔོན་དཔག་བྱས་ན་སྤྱི་ཟླ6པའི་ཚེས23ཉིན་བསྡུ་ལེན་ཚོད་འཛིན་གྱི་སྐར་གྲངས་ཚད་ཐིག་དང་རྒྱུགས་སྤྲོད་སློབ་མའི་རྒྱུགས་འབྲས་ཡོངས་བསྒྲགས་བྱ་རྒྱུ་ཡིན་ལ། སྤྱི་ཟླ7པའི་ཟླ་འགོ་ནས་སྤྱི་ཟླ8པའི་ཟླ་དཀྱིལ་བར་སློབ་བསྡུའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10