2024-06-20
ཉེ་ཆར། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་མཐར་ཕྱིན་པར་སྐུལ་འདེད་གཏོང་ཆེད། དཀར་མཛེས་རྫོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཉེན་སྟོན་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུར་བློ་མཐུན་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཉེ་བའི་ལོ་ཤས་རིང་རྫོང་དུ་བྱུང་བའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བར་མ་ཟད། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཉེན་སྟོན་སློབ་གསོའི་གློག་བརྙན་ལ་བལྟས་པ་རེད།
ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།
སྐལ་བཟང་གཡུང་དྲུང་གིས་བསྟན་དོན། གཅིག་ནི་དུས་བབ་ངོས་འཛིན་གསལ་པོར་བྱས་ཏེ་ཉེན་སྟོན་སློབ་གསོར་ཤུགས་རྒྱག་པའི་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་དགོས། ཉེན་སྟོན་སློབ་གསོ་ནི་ཏང་སྲོལ་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་དང་། ཏང་ནང་གི་ཆབ་སྲིད་རིག་གནས་དར་སྤེལ་དང་ལས་ཁུངས་ཀྱི་ཆབ་སྲིད་ཁོར་ཡུག་བཟང་པོ་འཛུགས་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་པ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དངོས་ཤིག་ཡིན་པས་མ་ཚད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མཐར་ཕྱིན་བྱེད་པའི་གཞི་འཛིན་གལ་ཆེན་ཞིག་ཀྱང་ཡིན། གཉིས་ནི་དཔེ་མཚོན་གྱོད་དཔེ་དང་བསྡུར་ནས་བསམ་གཞིག་གཏིང་ཟབ་བྱེད་པའི་ཁྲོད་གནས་ལུགས་ཀྱི་བསླབ་བྱ་བསྡུ་ལེན་བྱ་དགོས། ཏང་མི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཆེས་གཞི་རྩའི་ཆབ་སྲིད་བྱང་ཚད་ནི་ཏང་ལ་བློ་དཀར་བ་དེ་ཡིན་པས། རིམ་པ་ཁག་གི་ཏང་ཨུ་དང་ཏང་ཚན་ཚན་ཁག་གི་ཧྲུའུ་ཅི་ཡིས་འགན་འཁྲི་དང་པོ་ཏན་ཏིག་གིས་བསྒྲུབ་དགོས་ཤིང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ལྟ་སྐུལ་འགན་འཁྲི་ཏན་ཏིག་གིས་འཁུར་དགོས་པ་དང་། རྩ་འཛུགས་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོས་ལས་བྱེད་པའི་དོ་དམ་འགན་འཁྲི་ཏན་ཏིག་གིས་བསྒྲུབ་པ་ཡིན་ན། ད་གཟོད་སྤྱོད་ཚུལ་གཙང་ཞིང་དྲང་བའི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་ཐུབ། གསུམ་ནི་ཉེན་སྟོན་སློབ་གསོ་ཡུན་རིང་སྤེལ་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཤུགས་བརྒྱག་དགོས། རིག་པ་གསལ་ཞིང་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་པ་དང་ཆབ་སྲིད་ཀྱི་བློ་རྩ་བརྟན་དུ་གཏང་དགོས། སྒྲིག་ཁྲིམས་ནན་པོ་ནི་ང་ཚོའི་ཏང་གི་སྲོལ་རྒྱུན་བཟང་པོ་ཡིན་པར་མ་ཟད། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་ནས་ཏང་གི་བྱ་གཞག་ཐད་རྒྱུན་ཆད་མེད་པར་རྒྱལ་ཁ་ལོན་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པས། ད་སྔའི་ཏང་སྲོལ་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་དང་ཁྱད་ཆོས་དག་ཁོང་དུ་ཆུད་པར་བྱ་དགོས།།
གསར་འགོད་པ། བློ་བཟང་དོན་འགྲུབ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10