དཔལ་ཡུལ་རྫོང་གིས་སྨན་རྫས་རྟེན་གཞི་བསྐྲུན་ནས་ཞིང་པའི་ཡོང་འབབ་འཕར་བར་བྱས།

(སྐལ་བཟང་རྒྱ་མཚོས་བྲིས།)        2024-06-19

ཉེ་བའི་ལོ་ཤས་རིང་། དཔལ་ཡུལ་རྫོང་གིས“ཚན་རྩལ་གྱིས་སྣེ་ཁྲིད་དང་དཔེ་མཚོན་གྱིས་སྐུལ་བའི”ཐབས་ཤེས་བརྒྱུད་དེ། ཕུན་སུམ་ཚོགས་པའི་ཉི་འོད་དང་དྲོད་ཚད་ཧེ་བག། ས་བབ་སོགས་ཁོར་ཡུག་ཐོན་ཁུངས་ལེགས་པོར་བརྟེན་ནས་ཕན་འབྲས་ཆེ་བའི་རྒྱ་བོད་ལུགས་སྨན་རྫས་འདེབས་འཛུགས་རྟེན་གཞི་བསྐྲུན་ནས་རྒྱ་བོད་ལུགས་སྨན་རྫས་ཀྱི་ཐོན་ལས་དར་རྒྱས་ཡོང་བར་སྐུལ་བ་དང་དབུལ་ཐར་ལས་དོན་གྱི་ཕན་འབྲས་སྲ་བརྟན་དུ་བཏང་བས་མ་ཚད། ཡུལ་སྡེ་དར་རྒྱས་ཡོང་བར་བསྐུལ་ནས་མང་ཚོགས་ཕྱུག་པོར་ཡོང་བར་སྣེ་ཁྲིད་བྱས།

གསར་གཏོད་རྣམ་པས་རྟེན་གཞི་བཙུགས། མ་དངུལ་སྒོར་ཁྲི850ལྷག་བཏང་ནས་ཐོན་རྫས་རྐྱང་པའི་སྨན་རྫས་ཀྱི་ལྟེ་བའི་ཐོན་ཁུལ་འཚོལ་ཞིབ་བྱས་པ་དང་དུས་མཉམ་དུ་འདེབས་འཛུགས་ཁུལ་དང་སོན་སྤུས་ཐོན་ཁུངས་ར་བ། སོན་མྱུག་གསོ་སྤེལ་དང་ཚན་རྩལ་ཞིབ་འཇུག་རྟེན་གཞི་སོགས་གཞི་གཅིག་ཏུ་འདུས་པའི་རྒྱ་བོད་ལུགས་སྨན་རྫས་འདེབས་འཛུགས་དཔེ་སྟོན་ཁུལ་བསྐྲུན་པ་དང་། “ནགས་ཚལ་འབྲུ་མཛོད”འཛུགས་སྐྲུན་འཆར་འགོད་དང་ཟུང་འབྲེལ་བྱས་ནས“སྤྱི་གཉེར་ཁང་དང་རྟེན་གཞི། ཞིང་དུད་ཟུང་དུ་འབྲེལ་བ”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་འབར་རོང་ཡུལ་ཤོག་གི་ནགས་ར་སྤྱད་དེ་ལྕུམ་དང་སྤྲུ་ནག། སྤང་རྩི་འབྱར་བག་སོགས་ཀྱི་རྒྱ་བོད་ལུགས་སྨན་རྫས་མུའུ2000ལྷག་འདེབས་པས་ཐོན་རྫས་རིན་ཐང་སྒོར་ཁྲི200ལྷག་ཐོབ་ཡོད།

འཕེལ་རྒྱས་ལ་ཤུགས་བསྣན་ཏེ་གཞི་ཁྱོན་ཆེ་རུ་བཏང་། ཆེད་ལས་ལག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་རྟེན་གཞིའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་བ་དང་། བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་དང་ནད་གཞི་བཅོས་པའི་ལྟེ་གནས་དང་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་སྦྱོང་བརྡར་ལྟེ་གནས་བཅས་བདེ་ཐང་སྲུང་སྐྱོང་གཞི་གཅིག་ཏུ་འདུས་པའི་སྨན་བཅོས་བྱ་ཡུལ་བཙུགས། སྨན་ཁང་ནང་གི་སྨན་རྫས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་དང་སྨན་ཁང་ནང་གི་སྨན་རྫས་དང་བོད་སྨན་བསྐྱར་འགྱུར་ཐོན་རྫས་གཞི་ཁྱོན་ཅན་དུ་འགྱུར་བའི་ཐོན་སྐྱེད་མགྱོགས་སུ་གཏོང་བར་ཤུགས་བསྣན་ཏེ། ད་བར། ནད་གཞི་བཅོས་པའི་ལྟེ་གནས1བཙུགས་ཐུབ་པ་དང་སྨན་ཁང་ནང་གི་སྨན་རིགས121སླེབས་ཡོད་ཅིང་། གཞི་ཁྱོན་ཅན་དུ་འགྱུར་བའི་བསྐྱར་འགྱུར་བོད་སྨན་རིགས4ཐོན་སྐྱེད་ཐུབ་ཡོད།

ཞིང་པར་འབྲེལ་བ་དང་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཡོང་བབས་འཕར་བར་བྱས། རྟེན་གཞིའི་ཞིང་པ་དང་ཞིང་ལས་ཁེ་ལས་མཉམ་འབྲེལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ས་ཞིང་འཁོར་རྒྱུག་དང་། རང་ཚུགས་ཀྱི་བདག་གཉེར། གནས་སྐབས་ལས་མི་སྤྱོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ངལ་རྩོལ་གྲོན་དངུལ་སྒོར་ཁྲི200ལྷག་དང་། ས་ཞིང་འཁོར་རྒྱུག་གྲོན་དངུལ་སྒོར་ཁྲི150ལྷག་སྤྲད་པས། དུད་ཚང་གི་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.1འཕར་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར3000ལྷག་འཕར་ཡོད། ཧུར་ཐག་གིས་འདེབས་འཛུགས་གསོ་སྦྱོང་གི་བྱ་འགུལ་སྤེལ་ཏེ་ཉེ་འཁོར་གྱི་ཞིང་དུད་རྟེན་གཞི་ནང་དུ་ལས་ཀ་བསྡུ་ལེན་བྱེད་པ་དང་གསོ་སྐྱོང་བྱ་རྒྱུར་གཙོ་བོ་བྱས་པ་དང་། ལོ་རེར་ལས་མི1000བསྡུས་པ་དང་ངལ་རྩོལ་གྲོན་དངུལ་སྒོར་ཁྲི30ལྷག་ཙམ་སྤྲད་པ་རེད།།

  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གིས“ཞིང་གསུམ”ལས་དོན་འཕེལ་རྒྱས་ཡོང་བར་ཤུགས་བརྒྱབ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།