ཧྲུའུ་ཏ་ཁྲུན་གྱིས་རྟའུ་རྫོང་དུ་ལས་ཀ་རབ་རིམ་སྤེལ།

ལྷ་འཛོམས་ཀྱིས་བསྒྱུར།        2024-06-19

སྤྱི་ཟླ6པའི་ཚེས12ནས13ཉིན་བར། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། རྟའུ་རྫོང་གི་ཁུལ་རིམ་པའི་འབྲེལ་གཏུག་མགོ་ཁྲིད་ཧྲུའུ་ཏ་ཁྲུན་རྟའུ་རྫོང་གི་ཡུལ་སྡེ་དང་ཁེ་ལས། དགོན་པ་ཆ་ཤས་སུ་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་དྲིལ་བསྒྲགས་དང་ལག་བསྟར་མཐར་ཕྱིན་པ་བྱ་རྒྱུ་དང་ཉེན་མེད་ཐོན་སྐྱེད། འབྲུབ་འགོག་གནོད་སེལ། ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་དུ་གཏོང་བ་སོགས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་དང་སྐུལ་ཁྲིད་གནང་བ་རེད། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་གཅིག་བསྡུས་ངང་སྒྲོག་འགྲེལ་དང་། དུད་ཚང་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་མཐུན་འབྲེལ་གྲྭ་བཙུན་སོགས་ལ་འཚམས་འདྲི་གནང་བས་མ་ཚད། ད་དུང་ཆུ་བོ་དང་ཞིང་མུར་སྐོར་ཞིབ་ལས་ཀ་སྤེལ་བ་རེད།

གཤིས་ཆུ་གྲོང་རྡལ་དུ་ཧྲུའུ་ཏ་ཁྲུན་གྱིས་དཀར་མཛེས་ཁུལ་གྱི་གནས་ཚུལ་དང་རྟའུ་རྫོང་གི་གནས་ཚུལ་དང་ཡུལ་སྡེའི་གནས་ཚུལ་དངོས་ལ་དམིགས་ནས་གོ་སླ་པོའི་ཁ་སྐད་ཐོག་ནས་གྲོས་ཚོགས་ཀྱི་རྩ་བའི་གནས་ཚུལ་དང་གྲུབ་འབྲས་གཙོ་བོ། གྲོས་ཚོགས་ཐོག་གྲོས་འཆམས་བྱུང་བའི《གཏན་འབེབས》ཀྱི་ནང་དོན་གཙོ་བོ་དང་དོན་སྙིང་གཙོ་བོ་སྟེ་ཕྱོགས་གཉིས་ཀྱི་ཐད་ནས་རྫོང་དང་ཡུལ་ཤོག། གྲོང་སྡེ། ཚོ་ཆུང་བཅས་ཀྱི་ལས་བྱེད་པ་དང་གཞི་རིམ་གྱི་ཏང་མི་དང་མང་ཚོགས་ལ་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སྒྲོག་འགྲེལ་བྱས་པ་རེད། ཁོང་གིས་རྟའུ་རྫོང་གི་གོང་འོག་ཚང་མར་ཐེངས་འདིའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དང་དྲིལ་བསྒྲགས། སློབ་སྦྱོང་བཅས་ཡག་མོ་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་བརྩིས་ཏེ་གནས་ཚུལ་དངོས་གཞིགས་ནས་འཇུག་སོ་དང་ཤུགས་རྒྱག་ས་འཚོལ་ཞིང་། ལས་འགན་བླང་བྱ་ཞིབ་པོར་བཟོས་ནས་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ལས་ཀ་དོན་འཁྱོལ་ནན་འཛིན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱིས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:བརྒྱད་ཟིལ་རྫོང་གིས“ཞིང་གསུམ”ལས་དོན་འཕེལ་རྒྱས་ཡོང་བར་ཤུགས་བརྒྱབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།