རྟའུ་རྫོང་གིས་མཛེས་སྡུག་ལྡན་པའི་ཡུལ་སྡེ་ལམ་ཐོག་མ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད།

( ལྷ་འཛོམས་ཀྱིས་བསྡུས་ནས་བསྒྱུར།)        2024-06-17

རྟའུ་རྫོང་གིས་མཛེས་སྡུག་ལྡན་པའི་ཡུལ་སྡེ་ལམ་ཐོག་མ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད།

ཉེ་ཆར་རྟའུ་རྫོང་མ་ཟུར་ཡུལ་ཤོགC052དར་བ་གྲོང་ཚོའི“མཛེས་སྡུག་ལྡན་པའི་ཡུལ་སྡེ་ལམ”གྱི་ཨར་ལས་བྱ་ཡུལ་དུ་རླངས་འཁོར་ཕར་གཏོང་ཚུར་གཏོང་དང་འཕྲུལ་ཆས་ཀྱི་ལྡིར་སྒྲ་ཁེངས་ཤིང་། བཟོ་པ་ཚོས་ཨར་ལས་ཀྱི་དུས་ཡུན་བཟང་པོ་དམ་འཛིན་བྱས་ནས་ཆུ་འགྲོ་ལམ་བསྐྲུན་རྒྱུ་དང་། ལམ་གཞི་འདིང་རྒྱུ། ལམ་ངོས་སྙོམས་བཟོ་བཅས་ལ་བྲེལ་འཚུབ་ཆེན་པོ་བྱེད་ཀྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། C052ཀྱི་མཛེས་སྡུག་ལྡན་པའི་ཡུལ་སྡེ་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ4.85ཡིན་པ་དང་། ལས་གཞིའི་མ་འཇོག་བསྡོམས་འབོར་སྒོར་ཁྲི914.9ལ་ཟིན་ཞིང་རིམ་པ་བཞི་པའི་གཞུང་ལམ་དང་ལག་རྩལ་རིགས་དང་པོའི་ཚད་གཞི་སྤྱད་དེ་ལས་ཡུན་ཉིན180ཡིན་པ་རེད། སྤྱི་ཟླ4པའི་ཚེས5ཉིན་ལས་འགོ་བཙུགས་པ་ནས་བཟུང་ལས་གཞིར་ཁྱོན་མ་དངུལ་སྒོར་ཁྲི300ལྷག་བཏང་བ་དང་སྔོན་དཔག་བྱས་ན་སྤྱི་ཟླ8པའི་ཟླ་མཇུག་གམ་ཡང་ན་ཟླ9པའི་ཟླ་སྟོད་དུ་ཚང་མ་ལས་མཇུག་རྫོགས་ནས་རླངས་འཁོར་ཤར་གཏང་ཐུབ་རེ་ཡོད།

ཉེ་བའི་ལོ་ཤས་རིང་རྟའུ་རྫོང་གིས“འཛུགས་སྐྲུན་ཡག་པོ་དང་དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་ནས“བདེ་བགྲོད་ཉེན་མེད་དང་བདག་སྐྱོང་ནུས་ཆེ། མཛེས་སྡུག་དམངས་ཕྱུག། ཞབས་ཞུ་སྤུས་ལེགས་བཅས་ཀྱི་འཕེལ་རྒྱས་དམིགས་འབེན་ཆེན་པོ་བཞིར་དམིགས་ནས“ཞིང་སྡེའི་བཞི་ཡག་ལམ”ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་སྐུལ་འདེད་ཏན་ཏིག་བཏང་ཡོད། ད་སྔའི་བར་རྫོང་ཡོངས་ཀྱི་ཡུལ་སྡེའི་ལམ་ཁྱོན་སྤྱི་ལེ1343.923ཡོད་པ་དང་། རྫོང་ལམ་གྱི་བདག་སྐྱོང་ལམ་ཚད་སྤྱི་ལེ232.753དང་། ཡུལ་ཤོག་ལམ་བདག་སྐྱོང་ལམ་ཚད་སྤྱི་ལེ402.06 དང་། གྲོང་སྡེ་ལམ་བདག་སྐྱོང་ལམ་ཚད་སྤྱི་ལེ709.11བཅས་ཡིན་པ་དང་། གསོ་སྐྱོང་བྱེད་ཚད་བརྒྱ་ཆ100ལ་ཟིན་ཡོད་པ་རེད།

ད་ལོའི་སྤྱི་ཟླ7པར་རྫོང་ཡོངས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་སྡེ་ལམ་གཉིས་པ་དེ་ད་དུང་ཁུག་ཆ་ཡུལ་ཤོག་ལ་ལས་འགོ་འཛུགས་རྒྱུ་རེད་ཅེས་རྟའུ་རྫོང་འགྲིམ་འགྲུལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་སླད་ཕྱིན་དུ་“ཞིང་སྡེའི་བཞི་ཡག་ལམ”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་དུས་མཉམ་དུ་རིག་གནས་ཡུལ་སྐོར་གྱི་གཞི་རྒྱུ་གང་ལེགས་འདྲེས་ནས་ཡུལ་སྡེའི་ལམ་གྱི་མཛེས་ཆ་དང་ཡུལ་སྐོར་མཛེས་ལྗོངས་ཀྱི་མཛེས་ཆ། ཡུལ་སྡེ་འཛུགས་སྐྲུན་གྱི་མཛེས་ཆ་བཅས་ཟུང་འབྲེལ་བྱས་ཏེ་མཛེས་སྡུག་ལྡན་པའི་ཡུལ་སྡེའི་ལམ་རེ་རེ་བཞིན་བསྐྲུན་ནས་མཛེས་སྡུག་ལྡན་པའི་རྟའུ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:ཏང་ལེགས་སྐྱོང་གི་སྣེ་ཁྲིད་འོག་ཐུན་མོང་དཔལ་འབྱོར་འཕེལ་སྟོབས་ཆེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།