རང་ཁུལ་གྱིས་འབྲིང་རིམ་དང་མཐོ་རིམ་ལས་རིགས་ཀྱི་འབྲེལ་མཐུད་སློབ་གསོའི་རིམ་པ་སྤར།

(བདེ་སྐྱིད་ཀྱིས་བསྒྱུར།)        2024-06-05

ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དེ་བས་མང་པོར་སྤུས་ལེགས་ལས་རིགས་སློབ་གསོ་ཐེབས་ནས་ཤེས་ལྡན་མི་སྣ་བཟང་པོ་གསོ་སྐྱོང་དང་ལས་ཞུགས་ཐུབ་ཆེད། ཤར་ནུབ་རྒྱུད་མཉམ་ལས་ཏེ་ཀྲེ་ཅང་ཀྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས། ཀྲེ་ཅང་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་སློབ་གསོ་ཐིང་གིས་བཀྲམ་པའི《ཀྲེ་ཅང་ཞིང་ཆེན་ལས་རིགས་སློབ་གླིང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབྲིང་རིམ་ལས་རིགས་སློབ་གྲྭ་མཉམ་ལས་བྱས་ནས་ འབྲིང་རིམ་ལས་རིགས་འབྲེལ་མཐུད་གསོ་སྐྱོང་ལག་བསྟར་ཇུས་གཞི(2022ལོ་ནས2025ལོ་བར)》བླང་བྱར་གཞི་བཟུང་ཞིང་། ཁུལ་ཨུའི་སློབ་གསོ་ལས་དོན་ཨུ་ལྷན་དང་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་སྟོབས་ཤུགས་ལ་བརྟེན་ནས། ཕྱོགས་བསྡུས་ཇུས་བསྟར་དང་དམིགས་ཡོད་ཤུགས་བྱས་ཏེ། རིམ་སྤར་ལྔ་ཡི་ཐོག་ནས་འབྲིང་རིམ་དང་མཐོ་རིམ་ལས་རིགས་འབྲེལ་མཐུད་སློབ་གསོའི་རིམ་པ་སྤར་བ་རེད། རིམ་སྤར་ལྔ་སྟེ། གཅིག་ནི་སློབ་བསྡུའི་དྲིལ་བསྒྲགས་ཀྱི་རིམ་པ་སྤར་བ་དང་། གཉིས་ནི་གྲོན་དངུལ་རྒྱབ་སྐྱོར་གྱི་རིམ་པ་སྤར་བ། གསུམ་ནི་མཉམ་འབྲེལ་སློབ་གཉེར་གྱི་རིམ་པ་སྤར་བ། བཞི་ནི་དགེ་རྒན་སྟོབས་ཤུགས་ཀྱི་རིམ་པ་སྤར་བ། ལྔ་ནི་ལས་ཞུགས་ཐབས་ལམ་གྱི་རིམ་པ་སྤར་བ་བཅས་སོ།།

  • ལེ་ཚན་སྔོན་མ།:ཡུལ་མི་ཚོར་ཡུལ་སྐོར་གྱི་ཡོང་སྒོ་ཇེ་མང་དུ་སོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།