རང་ཁུལ་གྱིས་ལས་རིགས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་།

( བདེ་སྐྱིད་ཀྱིས་བསྒྱུར།)        2024-05-27

སྤྱི་ཟླ5པའི་ཚེས23ཉིན། གསར་འགོད་པས་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས13པའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་རིགས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། ལས་རིགས་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་།

གཅིག་ནས་རིམ་མཐོར་སྐུལ་འདེད་དང་འཕེལ་རྒྱས་ཀྱི་ཁོར་ཡུལ་ལེགས་སྒྱུར་ཤུགས་ཆེན་བྱ་དགོས། གཉིས་ནས་སློབ་གསོ་ལ་བརྟེན་ནས་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ་དང་།ས་གནས་ཀྱི་དཔལ་འབྱོར་ལ་ཞབས་འདེགས་ཞུ་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིན་ཆད་ལས་དོན་ནང་རང་ཁུལ་གྱིས་གཅིག་གྱུར་འཆར་འགོད་ལ་ཤུགས་རྒྱག་པ་དང་། མ་དངུལ་རྒྱུན་མཐུད་ངང་མང་དུ་གཏོང་བ། མཉམ་ལས་སློབ་གཉེར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཁེ་ལས་ཀྱི་དགོས་མཁོར་དམིགས་ནས་ཆེད་ལས་རིག་ཚན་བཀོད་སྒྲིག་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་སྟེགས་བུ་འཛུགས་པ། ལས་རིགས་སློབ་གསོའི་ཞབས་ཞུའི་མ་ལག་གཏན་འཁེལ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་ནས། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་བྱང་ཚད་མཐོ་བའི་ལག་རྩལ་རང་བཞིན་གྱི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སློང་གྲྭའི་ཇ་མའི་ལག་རྩལ་འགྲན་སྡུར་སྐབས་དང་པོ་སྤེལ།
  • ལེ་ཚན་རྗེས་མ།:བྲག་མགོ་རྫོང་གིས་དམར་དམག་རྟ་དམག་བཙུགས་ནས་ལོ88འཁོར་བར་དྲན་གསོ་ཞུ་བའི་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།