རང་ཁུལ་གྱི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་དམའ་རུ་བཏང་།

        2024-05-21

ཀྲུང་དབྱང་དངུལ་ཁང་གིས་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆའི་གྲངས0.25དམའ་རུ་བཏང་བ་དང་།  རྒྱལ་ཡོངས་ཀྱི་ངོས་ནས་སྡོད་ཁང་དང་པོ་དང་སྡོད་ཁང་གཉིས་པའི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་སྐྱེད་ཚད་སྲིད་ཇུས་ཀྱི་ཚད་གཞི་མེད་པར་བཟོས་པ་དང་བསྟུན་ནས།  སྤྱི་ཟླ5པའི་ཚེས17ཉིན། དཀར་མཛེས་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས《སྡོད་ཁང་སྤྱི་གསོག་མ་དངུལ་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད།

    《བརྡ་ཐོའི》ནང2024ལོའི་སྤྱི་ཟླ5པའི་ཚེས18ཉིན་ནས་སྤྲད་པའི་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ལེགས་སྒྲིག་བྱས་རྗེས་ཀྱི་སྐྱེད་ཚད་ལ་དམིགས་ནས་ཁ་གསལ་བཏོན་པ་སྟེ།  སྡོད་ཁང་དང་པོའི་ལོ་ལྔ་མན་གྱི(ལོ་ལྔ་ཚུད་པ)མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆ2.35དང་ལོ་ལྔའི་ཡན་གྱི་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆ2.85ལ་ལེགས་སྒྲིག་བྱ་རྒྱུ་དང་། སྡོད་ཁང་གཉིས་པའི་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ལོ་ལྔ་མན་བརྒྱ་ཆ2.775དང་ལོ་ལྔ་ཡན་བརྒྱ་ཆ3.325ལ་ལེགས་སྒྲིག་བྱ་རྒྱུ་རེད།

     2024ལོའི་སྤྱི་ཟླ5པའི་ཚེས18ཉིན་གྱི་གོང་དུ་ཞིབ་མཆན་བཀོད་ཟིན་ཡང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྤྲད་མེད་པར་ཐེངས་འདིའི་དམའ་རུ་བཏང་རྗེས་ཀྱི་སྐྱེད་ཚད་ལྟར་དངུལ་བུན་གཏང་རྒྱུ་དང་འབྲེལ་དངུལ་བུན་མ་སྤྲད་གོང་འབྲེལ་ཡོད་འགྲོ་ལུགས་དང་གན་རྒྱའི་ཡིག་ཆའི་སྐྱེད་ཚད་བཟོ་བཅོས་བྱེད་པའི་ལས་དོན་ལེགས་སྒྲུབ་བྱ་རྒྱུ་རེད།

     2024ལོའི་སྤྱི་ཟླ5པའི་ཚེས18ཉིན་གྱི་གོང་དུ་སྤྲད་ཟིན་པའི་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དེ2025ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལེགས་སྒྲིག་བྱས་རྗེས་ཀྱི་སྐྱེད་ཚད་ལག་བསྟར་བྱ་རྒྱུ་རེད།

     《བརྡ་ཐོའི》ནང་ཁུལ་ཡོངས་ཀྱི་སྤྱི་གསོག་མ་དངུལ་དོ་དམ་སྡེ་ཚན་ཁག་གིས་སྐྱེད་ཚད་ལེགས་སྒྲིག་བྱས་རྗེས་ཀྱི་ལག་བསྟར་གནས་ཚུལ་ལ་གཙོ་གནད་དུ་དོ་ཁུར་བྱས་ནས་དངུལ་བུན་སྐྱེད་ཚད་ལེགས་སྒྲིག་གི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།




ལོ་ཙཱ།  རྟ་མགྲིན་རྡོ་རྗེ། 

རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ། 


  • ལེ་ཚན་སྔོན་མ།:ཞག་གཅིག་གི་འཁྲུལ་སྣང་།
  • ལེ་ཚན་རྗེས་མ།:​འདབ་པ་རྫོང་གིས་གསར་བརྗེའི་གཏམ་རྒྱུད་འགྲན་སྡུར་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།