ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།

        2024-05-20

ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་།


ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ2024ལོའི་ཟླ་བ5པའི་ཚེས13ཉིན་ཁྲེང་ཏུའུ་རུ་འཚོགས།

ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱས་ཏེ།《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏང་རྒྱུ་དེ་ཤུགས་གནད་གལ་ཆེན་དུ་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་ཏན་ཏིག་གཏང་རྒྱུའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཝང་ཞའོ་ཧུའེ་ཡིས《ཆོད་དོན(གྲོས་བསྡུར་མ་ཟིན)》གྱི་སྐོར་ཚང་འཛོམས་གྲོས་ཚོགས་སུ་གསལ་བཤད་གནང་།

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

(2024ལོའི་ཟླ་བ5པའི་ཚེས13ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ།)

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ2024ལོའི་ཟླ་བ5པའི་ཚེས13ཉིན་ཁྲེང་ཏུའུ་རུ་འཚོགས།

ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་ཞིང་ཆེན་ཏང་ཨུའི་ཨུ་ཡོན80དང་།ཞིང་ཆེན་ཏང་ཨུ་ཡི་རྗེས་སྣོན་ཨུ་ཡོན16ཡོད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་བཅས་ཀྱང་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་།


ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱས་ཏེ།《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏང་རྒྱུ་དེ་ཤུགས་གནད་གལ་ཆེན་དུ་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་ཏན་ཏིག་གཏང་རྒྱུའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཝང་ཞའོ་ཧུའེ་ཡིས《ཆོད་དོན(གྲོས་བསྡུར་མ་ཟིན)》གྱི་སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།


ཚང་འཛོམས་གྲོས་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག། ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དོན་འཁྱོལ་བྱས་ཏེ་ཅན་བཞི་མཉམ་སྤེལ་དང་།གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར་གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་གཏོང་བའི་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།


ཚང་འཛོམས་གྲོས་ཚོགས་ཐོག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ལ། དུས་རབས་གསར་པའི་གནས་ལུགས་འགྱུར་མེད་ཅིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཐད་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་དང་འཐབ་ཇུས་ཀྱི་བཀོད་སྒྲིག་རབ་དང་རིམ་པ་གནང་ཡོད་པ་དང་། ལྷག་པར་དུ་གསར་གཏོད་རང་བཞིན་གྱི་སྒོ་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏང་རྒྱུའི་བླང་བྱ་གལ་ཆེན་བཏོན་གནང་ཡོད་པས། མར་ཁེ་སིའི་རིང་ལུགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྐོར་གྱི་རིགས་པའི་གཞུང་ལུགས་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་དང་། ཀྲུང་གོའི་དཔལ་འབྱོར་རླུང་བརྟེན་རླབས་གཤག་དང་བརྟན་བརླིང་ངང་མདུན་སྐྱོད་བྱ་རྒྱུར་སྣེ་ཁྲིད་བྱས་ཡོད། ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་བཏོན་ནས་ལོ25འཁོར་བའི་གལ་ཆེའི་མཚམས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གལ་ཆེན་ཡང་གནང་སྟེ། སྲུང་སྐྱོང་ཆེན་པོ་དང་སྒོ་འབྱེད་ཆེན་པོ།འཕེལ་རྒྱས་སྤུས་ཚད་མཐོན་པོ་བཅས་ཀྱི་རྣམ་པ་གསར་པ་སྔར་བས་ཆགས་པར་འཐབ་ཇུས་བཀོད་སྒྲིག་གནང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ཁྲོད་ནུབ་རྒྱུད་གསར་སྤེལ་ཆེན་པོའི་ལེའུ་གསར་པ་ཧུར་རྩོམ་བྱ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་མཐོང་ཆེན་ཚད་མཐོན་པོ་དང་རེ་བ་ཆེན་པོ་བཅོལ་གནང་ཞིང་། སི་ཁྲོན་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་རྟེན་གཞི་ཡིན་པས།རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ལྷག་པར་དུ་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་དམིགས་བསལ་དང་གལ་ཆེའི་གནས་བབ་ལྡན་ཞེས་ནན་གསུང་གནང་ཡོད། “ཕྱོགས་བཞིར་ཤུགས་རྒྱག་པའི”བླང་བྱ་གལ་ཆེན་བཏོན་པ་དང་།“མཐོ་ས་གཉིས་དང་། རྟེན་གཞི་གཉིས། སྲུང་ཡོལ་གཅིག”བཅས་འཛུགས་སྐྲུན་བྱས་ཏེ་ནུབ་རྒྱུད་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་ཁྲིད་བྱེད་པའི་འཕར་སྣེ་གལ་ཆེན་དང་སྒུལ་ཤུགས་འབྱུང་ཁུངས་གསར་པར་གང་མགྱོགས་འགྱུར་བར་བྱ་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་གནང་བའི་འགན་འཁྲི་བརྟན་པོར་འཁུར་ནས་ཁ་ཚ་དགོས་གཏུག་གི་བསམ་པ་བཅངས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་ཞིང་འཛུགས་སྐྲུན་བྱས་ཏེ་དཔལ་འབྱོར་སྤྱི་འབོར་མུ་མཐུད་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཁྱོན་ཡོངས་ཀྱི་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཐད་བྱས་རྗེས་གསར་པ་མངོན་ཞིང་གྲུབ་འབྲས་གསར་པ་ཐོབ་པར་འབད་བརྩོན་བྱ་དགོས།


ཚང་འཛོམས་གྲོས་ཚོགས་ཐོག་སི་ཁྲོན་དེང་རབས་ཅན་འཛུགས་སྐྱོང་གི་སྤྱིའི་དམིགས་འབེན་གཏན་འཁེལ་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་ཏན་ཏིག་གཏོང་བའི་དམིགས་འབེན་བཏོན་པ་སྟེ། 2027ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། དཔལ་འབྱོར་སྤྱི་འབོར་སླར་ཡང་སྒོར་དུང་ཕྱུར་ཁྲི་གཉིས་ཀྱི་སྐས་རིམ་ལས་བརྒལ་རྒྱུ་རེད། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བར་འཕེལ་རྒྱས་གསར་པ་བྱུང་བ་དང་། མདུན་གྲལ་གྱི་ཚན་རྩལ་ཁྱབ་ཁོངས་སུ་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་ཆགས་པ་དང་། ལག་རྩལ་མཐོ་གསར་གྱི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་རྒྱུན་ཆད་མེད་པར་གོང་དུ་འཕེལ་བ། འབྱུང་འགྱུར་ཐོན་ལས་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ། ཐོན་ལས་རིགས་བསྒྱུར་རིམ་སྤར་གྱི་གོམ་སྟབས་སྔར་ལས་ཆེ་བར་སྤོས་པ་བཅས་དང་། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན།རྒྱུན་མཐུད་རང་བཞིན་གསར་དུ་མཐོ་རུ་ཕྱིན་པ་དང་། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། ཁུལ་ལྔ་མཉམ་དར་གྱི་རྣམ་པ་མགྱོགས་མྱུར་ཆགས་པ།འཕེལ་རྒྱས་གཏོང་སྟངས་འབྱུང་འཕྲོད་རིགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆུ་ཚད་གསར་པར་སླེབས་པ་དང་། དམངས་འཚོའི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་ཕྱིན་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ། འཕེལ་རྒྱས་དང་ཉེན་མེད་གཅིག་གྱུར་འཆར་འགོད་བྱས་ནས་རྣམ་པ་གསར་པ་གཏོད་པ། ཞོད་འཇགས་སི་ཁྲོན་དང་ཁྲིམས་སྐྱོང་སི་ཁྲོན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བཅས་བྱ་དགོས། 2035ལོར་སླེབས་སྐབས་རྒྱུ་རྐྱེན་གཙོ་བོའི་ཐོན་སྐྱེད་ཀྱི་ལས་ཆོད་ཆེས་ཆེར་འཕར་ནས་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན།ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་།དེང་རབས་ཅན་གྱི་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་གཞི་རྩའི་ཆ་ནས་འཛུགས་སྐྲུན་བྱས་ཏེ་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་དགོས།


ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་བའི་རྩ་བའི་དམིགས་ཡུལ་ནི་མི་དམངས་མང་ཚོགས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་རྒྱུ་དེ་ཡིན། ཆུ་ཚད་མཐོ་བའི་ཉེན་མེད་མངོན་འགྱུར་བྱ་རྒྱུ་ནི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ངེས་པར་དུ་འཕེལ་རྒྱས་དང་ཉེན་མེད་གཅིག་གྱུར་འཆར་འགོད་དེ་བས་ལེགས་པ་བྱས་ནས་ཆུ་ཚད་མཐོ་བའི་ཉེན་མེད་ཀྱི་རྣམ་པ་ཆགས་པར་བྱ་དགོས།


ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་ཏན་ཏིག་གཏང་དགོས་ན། གནད་འགག་ནི་དོན་འཁྱོལ་དང་འགག་རྩ་ནི་ལས་བྱེད་པར་ཐུག་ཡོད་པས། ངེས་པར་དུ་ཏང་གི་འགོ་ཁྲིད་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བསྟར་ནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་གཙོ་བོའི་འགན་འཁྲི་དམ་ནན་བྱས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་དགོས།


ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་མཐར་ཕྱིན་བྱ་རྒྱུ་ནི་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་གི་རིང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། རིམ་པ་ཁག་གི་ཏང་ཨུ(ཏང་ཚན་ཁག)ཡིས་བརྒྱུད་བསྒྲགས་སློབ་སྦྱོང་དང་། དྲིལ་བསྒྲགས་སྒྲོག་འགྲེལ། སློབ་གསོ་གསོ་སྦྱོང་བཅས་དམ་འཛིན་ཏན་ཏིག་བྱས་ཏེ། རྒྱ་ཆེའི་ཏང་མི་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱ་དགོས། འགོ་འཛུགས་ས་གསར་པའི་ཐོག་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་ཏན་ཏིག་གཏོང་བའི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་སྐྲུན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས།མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཐུན་མོང་ཕྱུག་འགྱུར། ཕན་ནུས་ལྡན་པའི་ཚོང་ར་དང་འཇོན་ནུས་ལྡན་པའི་སྲིད་གཞུང་། འཕེལ་རྒྱས་དང་ཉེན་མེད་བཅས་གཅིག་གྱུར་འཆར་འགོད་ཡག་པོ་བྱ་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཚད་མཐོན་པོར་བརྟེན་ནས་ཏང་ཀྲུང་དབྱང་གི་སྲིད་ཇུས་ཆེན་པོ་དང་བྱེད་ཕྱོགས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བཅས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏང་དགོས།


ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་།ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་དེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་།འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་བའི་ཕན་འབྲས་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་འབྲི་བར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།།


( ལྷ་འཛོམས་ཀྱིས་བསྒྱུར།)



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།