2024-05-15
ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་གསུང་གནང་དོན།
དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་ཏང་བློ་བདེ་བ་དང་། རྒྱལ་གཅེས་ལེགས་སྐྱེས་འབུལ་བ། མི་རིགས་བསྐྱར་དར་གྱི་འགན་ལྕི་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱ་དགོས།
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དེ་སློབ་གསོའི་ལས་དོན་གྱི་གལ་ཆེའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་པར་མ་ཟད། ཏང་གིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་བརྒྱབ་པར་བརྟེན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སྤྱི་ཚོགས་རིང་ལུགས་སློབ་གཉེར་གྱི་ཁ་ཕྱོགས་དེ་བས་མངོན་གསལ་དོད་པ་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱིས་སློབ་ཁྲིད་བྱེད་དགའ་བ་དང་། སློབ་ཁྲིད་བྱེད་མཁས་པ། མི་སྣ་སྐྱོང་བའི་གདེང་ཚོད་དང་གདེང་སྤོབས་དེ་བས་ཆེ་རུ་ཕྱིན་པ་བཅས་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མའི“གདེང་ཚོད་བཞི”མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་བསམ་པའི་ཉམས་འགྱུར་དེ་བས་དཔའ་ངར་ཆེར་སྐྱེད་ལྡན་པ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་འཕེལ་རྒྱས་ཁོར་ཡུག་དང་ཁོར་ཡུག་ཧྲིལ་པོའི་སྤྱི་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་ལ་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད་པས། ངེས་པར་དུ་རྣམ་པ་གསར་པ་ལྡན་ལ་བྱས་རྗེས་གསར་པ་འཇོག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་མཉམ་དུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལྟེ་བའི་ནང་དོན་དུ་བྱེད་པའི་སློབ་ཚན་བསླབ་གཞིའི་མ་ལག་འཛུགས་པ་བཅས་བྱས་ཏེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས།
མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཐོབ་པའི་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཀྱི་ནང་དོན་འདེགས་སྐྱོར་དུ་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་སྟོབས་ཤུགས་ཀྱི་རྩ་བར་བྱེད་པ། གནས་ལུགས་འགྲེལ་བཤད་གཏིང་ཟབ་རྒྱག་པ་དང་། གོ་བ་གསལ་པོ་ལོན་པ། གསོན་ཤུགས་འཕེལ་བ་བཅས་བྱེད་པ། གཞུང་འཁྱོངས་གསར་འབྱེད་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་ནང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། བརྩེ་སེམས་ཟབ་པ། བསམ་གཞིག་གསར་པ། མཐོང་རྒྱ་ཆེ་བ། རང་གཅུན་ནན་པ། མི་གཤིས་བཟང་བ་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་ཁག་ཅིག་བསྐྲུན་པར་ཤུགས་རྒྱག་དགོས།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དེ་གྲོས་རིམ་གལ་ཆེན་ཐོག་འཇོག་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་རང་རྟོགས་ངང་བྱེད་པོའི་འགན་འཁྲི་འཁུར་བ། དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ། ཏང་བློ་བདེ་བ་དང་། རྒྱལ་ཁབ་ལ་གཅེས་ལེགས་སྐྱེས་འབུལ་བ། མི་རིགས་བསྐྱར་དར་གྱི་འགན་ལྕི་འཁུར་ཕོད་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱ་དགོས།
དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་སྐུལ་སྤེལ་ཚོགས་འདུ་སྤྱི་ཟླ5ཚེས11ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཏིང་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། འཐབ་ཇུས་ཀྱི་ངོ་བོ། དམངས་འཚོའི་ངོ་བོ་བཅས་སྟངས་འཛིན་ནན་པོ་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་དེ་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་སྣེ་ཁྲིད་བྱེད་པ། དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེར་གཞིགས་ཚུགས་པ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་སྒྱུར་བཅོས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་གི་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཤུལ་འཛིན་མཁན་ཡོད་པ་བྱ་དགོས་ཞེས་གསུངས་པ་རེད།
ཏིང་ཞུའེ་ཞང་གིས་ནན་གསུང་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སློབ་གསོའི་འགན་འཁྲིར་དམ་པོར་དམིགས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་མཉམ་དུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཏེ། དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྟེ་བའི་ནང་དོན་དུ་བྱེད་པའི་སློབ་ཚན་གྱི་བསླབ་གཞིའི་མ་ལག་མགྱོགས་མྱུར་བསྐྲུན་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཁོང་དུ་ཆུད་པ་དང་སེམས་སུ་འཇགས་པར་སྐུལ་འདེད་གཏང་དགོས། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེའི་སློབ་གསོའི་སྐུལ་ལྕག་ནུས་པ་འདོན་སྤེལ་གང་ལེགས་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། དུས་རབས་གསར་པའི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ཏེ་སློབ་མ་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་རྟོགས་པར་ཁྲིད་སྟོན་བྱ་དགོས། “བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོར”བརྟེན་ནས་ཕྱོགས་ཡོངས་ནས་མི་སྣ་སྐྱོང་བའི་རྣམ་པ་གསར་པ་རྒྱ་ཆེར་གཏོང་བ་དང་། བསམ་བློ་ཆབ་སྲིད་སློབ་ཚན་ཆུང་ངུ་དང་སྤྱི་ཚོགས་ཀྱི་སློབ་ཚན་ཆེན་པོ་ཟུང་འབྲེལ་བྱས་ཏེ་སློབ་མ་ཚོས་དེ་བས་ལེགས་པའི་སྒོ་ནས་རྒྱལ་བབ་དང་དམངས་བབ་ཤེས་རྟོགས་ཐུབ་པ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་སྐུལ་འདེད་གཏང་དགོས། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སློབ་ཚན་ཇུས་འགོད་ཀྱི་དམིགས་ཚད་གོམ་པ་རིམ་བགྲོད་དང་འཁོར་སྐྱོད་ཡར་འགྲོའི་སྒོ་ནས་སློབ་ཚན་གྱི་ནང་དོན་ཇུས་འགོད་བྱེད་པ། སློབ་མའི་བསམ་བློ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་དོན་དངོས་དང་བསྟུན་ནས་སློབ་མ་ཚོས་སློབ་ཚན་ཉན་པ་དང་སློབ་སྦྱོང་བྱེད་པའི་སྤྲོ་བ་འཕེལ་བ་དང་སློབ་མ་ཚོས་ཤེས་པ་དང་སྦྱོང་ཐུབ་པ་བྱ་དགོས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་། སློབ་ཁྲིད་སྔོན་འཇོག་འབུར་ཐོན་གྱི་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དགེ་རྒན་གྱི་གནས་བབ་དང་ཐོབ་ཐང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ཏེ་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་མཉམ་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་གཏང་དགོས།
ཀྲུང་དབྱང་དྲྭ་འཕྲིན་གཞུང་ལས་ཁང་དང་། རྒྱལ་ཁབ་རིག་དངོས་ཅུས། པེ་ཅིང་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ཧྥུའུ་ཏན་སློབ་ཆེན། བྱང་ཤར་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་། ཁྲང་ཧྲ་གྲོང་ཁྱེར་ཡུས་དབྱིང་སློབ་ཆུང་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
ཚོགས་འདུ་མ་འཚོགས་གོང་། ཏིང་ཞུའེ་ཞང་པེ་ཅིང་ཚན་རྩལ་སློབ་ཆེན་དང་པེ་ཅིང་གྲོང་ཁྱེར་སློབ་འབྲིང་ཨང159པར་ཕེབས་ནས་བརྟག་ཞིབ་གནང་སྟེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དྲྭ་ཐོག་དང་དྲྭ་ཕྱིའི་མཉམ་སྡེབ་སློབ་ཚན་གྲ་སྒྲིག་གནས་ཚུལ་མཁྱེན་རྟོགས་གནང་བར་མ་ཟད། བསམ་བློ་ཆབ་སྲིད་སློབ་ཚན་གསན་ཏེ་དགེ་སློབ་ཚོ་དང་སྤེལ་རེས་གནང་བ་རེད།།
མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10