བློ་ཐག་རྦད་ཆོད་ཀྱིས་འབྲུབ་འགོག་གནོད་སེལ་དང་འབྲུབ་གཡོལ་ཉེན་མེད་ཡོང་བའི་དམག་འཐབ་ལས་རྒྱལ་བར་བྱ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2024-05-13

སྤྱི་ཟླ5པའི་ཚེས7ཉིན། 2024ལོའི་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནོད་འགོག་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དར་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ལོག་སྔོན་འགོག་དང་གནོད་འཚེ་འགོག་བཅོས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་མགོ་ཁྲིད་ཀྱིས་ཀོང་ཏུང་མེ་ཀྲོའུ་གྲོང་ཁྱེར་མེ་ཏ་མྱུར་བགྲོད་གཞུང་ལམ་གྱི་ཁྲ་དབྱང་ལམ་དུ་རི་ཉིལ་བའི་གནོད་འཚེའི་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་དང་། རྒྱལ་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་ཐན་པ་འགོག་བཅོས་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་སྙིང་དོན།ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་དང་།ས་གནས་གནོད་འགོག། ཆུ་དང་མཚེའུའི་ཆུ་དཔོན་ལམ་ལུགས་སྐུལ་འདེད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། 2023ལོའི་དཀར་མཛེས་ཁུལ་གྱི་ས་གཤིས་གནོད་འགོག་ལས་དོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་པས་མ་ཚད། སྔོན་ཐོན་འཐུས་མི་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྤེལ་རེས་དང་རྣམ་འགྱུར་གཏམ་བཤད་ལ་ཉན་པ་རེད། ད་སྔ་རང་ཁུལ་གྱི་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནོད་འགོག་གི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་ཏེ་རང་ཁུལ་གྱི་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནོད་འགོག་བཅས་ཀྱི་སླད་ཕྱིན་གཙོ་གནད་ལས་ཀར་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། གནས་བབ་ལ་ངོས་འཛིན་གསལ་པོ་བྱས་ནས་གནོད་འགོག་གེགས་སེལ་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏང་དགོས་པ་དང་། སྔོན་འགོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ནས་གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་གཏང་དགོས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་འགོག་གེགས་སེལ་གྱི་མཐིལ་ཚད་བརྟན་པོ་འཛུགས་དགོས།

ཚོགས་འདུའི་ཐོག་ད་དུང་ཏང་དང་མི་དམངས་ལ་འགན་འཁྲི་ཚད་མཐོན་པོར་འཁུར་བའི་རྣམ་འགྱུར་ཐོག་ནས་བློ་དཀར་དང་འགན་འཁུར། ལས་བཀུར། སྐྱེས་འབུལ། མཐུན་སྒྲིལ་བཅས་ཀྱི་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་དང་།འགན་ཁུར་གྱི་རྣམ་པ་དང་རྒྱུན་འཁྱོངས་ཀྱི་སྤྱོད་ཚུལ་བཅས་ནས་འབྲུབ་འགོག་གནོད་སེལ་གྱི་དམག་འཐབ་ལས་རྒྱལ་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་ཉེན་མེད་སྲུང་སྐྱོང་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:སྡེ་དགེ་པར་ཁང་གི་པར་ཤིང་ཡིག་ཚགས་མིང་ཐོ་འདིར་ཚུད་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།