རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2024-05-07

  • རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་པ།

    དུས་ཚིགས་དང་པོར་མ་དངུལ་སྒོར་དུང་ཕྱུར་240བཏང་ནས་འཆར་གཞིའི་113.3%ལེགས་སྒྲུབ་བྱས་པ།

  • གསར་འགོད་པས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོར་རང་ལྗོངས་ཀྱིས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་159བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་211.8གཏོང་རྩིས་ཡོད་ཅིང་། ཟླ་1ནས་ཟླ་3བར། ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་99གསར་དུ་ལས་འགོ་བཙུགས་པ་དང་ལས་འགོ་བསྐྱར་དུ་བཙུགས་ནས་གསར་དུ་ལས་འགོ་བཙུགས་པ་དང་ལས་འགོ་བསྐྱར་དུ་ཚུགས་ཚད་71.2%ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་240བཏང་ནས་སྒོར་དུང་ཕྱུར་28.2ཚད་བརྒལ་ལེགས་གྲུབ་ཟིན་ཏེ། ན་ནིང་དུས་མཚུངས་ཀྱི་ཆུ་ཚད་ལས་མཐོ་བ་དང་དུས་ཚིགས་དང་པོའི་འཆར་གཞིའི་113.3%ལེགས་སྒྲུབ་བྱས་ནས་དུས་ཚིགས་དང་པོའི་འགག་སྒྲོལ་བྱ་སྤྱོད་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཟིན་ནས“འགོ་ཡག་པོ”ཚུགས་ཐུབ་པ་བྱུང་ཡོད།

    དུས་ཚིགས་དང་པོའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་དམིགས་ཚད་ལས་འགན་གྱི་མྱུར་ཚད་ནས་བལྟས་ན། ཡུལ་སྐོར་རིག་གནས་དང་། ལྗང་མདོག་བཟོ་ལས། ས་མཐོའི་ཞིང་འབྲོག་ལས་དང་སྐྱེ་དངོས། སྤྱི་ཚོགས་བྱ་གཞག་གཞན་དག སློབ་གསོ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སོགས་ལས་རིགས་15ཡི་ཁྱབ་ཁོངས་ཚང་མས་དུས་ཚིགས་དང་པོའི་འཆར་གཞི་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཡོད། མ་འཇོག་ནས་བལྟས་ན། དུས་ཚིགས་དང་པོའི་མ་འཇོག་འཆར་གཞིའི་ནང་ནུས་རྒྱུ་གཙང་མའི་རིགས་ཀྱི་རྣམ་གྲངས་ལ་མ་དངུལ་གཏོང་ཚད་མང་དུ་ཕྱིན་པ་དང་སྒོར་དུང་ཕྱུར་105.9ཟིན་ཞིང་། དེ་རྗེས་འགྲིམ་འགྲུལ་དང་ལྗང་མདོག་བཟོ་ལས་རིགས་ཀྱི་རྣམ་གྲངས་ཡིན་པ་དང་ཁག་སོ་སོར་མ་དངུལ་སྒོར་དུང་ཕྱུར་51.7དང་སྒོར་དུང་ཕྱུར་15.3བཏང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྗོངས་ཡོངས་སུ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་187བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་1618གཏོང་རྩིས་ཡོད་ཅིང་། ལོ་འགོ་ནས་བཟུང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“རྣམ་གྲངས་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཞིག་དང་། འཕེལ་རྒྱས་དམ་འཛིན་བྱེད་དགོས་ན་ངེས་པར་དུ་རྣམ་གྲངས་དམ་འཛིན་བྱེད་དགོས་པའི”འདུ་ཤེས་བརྟན་པོར་བཙུགས་ནས་ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་མ་ཟད། འགན་འཁྲི་དེ་བས་ཁ་གསལ་དང་བྱེད་ཐབས་དེ་བས་ཞིབ་ཚགས་སུ་བཏང་བར་བརྟེན་ཕན་འབྲས་བཟང་པོ་ཐོན་ནས་ལོ་འཁོར་གྱི་མ་འཇོག་ལས་འགན་འགྲུབ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། གོམ་སྟབས་རྗེས་མར། རང་ལྗོངས་ཀྱི་འཕེལ་སྒྱུར་སྡེ་ཚན་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་འཆར་འགོད་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། དུས་ཚིགས་གཉིས་པའི་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་ནས་བཀྲམ་པ་དང་། སྡེ་ཚན་དང་། ས་ཁུལ(གྲོང་ཁྱེར) རྫོང(ས་ཁུལ)བཅས་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་མཚམས་ཚིག་དང་མྱུར་ཚད་ཀྱི་བླང་བྱ་ཁ་གསལ་འདོན་པ། འདི་ལོའི་ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་འཆར་གཞི་སྔ་ཙམ་བཀྲམ་ཐུབ་པ་དང་སྔ་ཙམ་འབྱོར་ཐུབ་པའི་བརྩོན་ལེན་བྱེད་པ། ལས་ཡུན་ལྡོག་སྒྲིག་དང་འཆར་གཞི་ལྟར་ལས་དོན་སྒྲུབ་པ། ལས་འགན་ཞིབ་ཚགས་སུ་གཏོང་བ་དང་མཚམས་ཚིག་ཁ་གསལ་བཟོ་བ། འགན་འཁྲིར་ཤུགས་སྣོན་དང་མྱུར་ཚད་དམ་འཛིན་བཅས་བྱས་ནས་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་དང་འགན་གཙང་འགན་ལེན་རྣམ་གྲངས་གལ་ཆེན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་རྣམ་གྲངས་སྒྲུབ་པའི་ལས་འབོར་མང་དུ་གཏོང་རྒྱུ་རེད།


  • ལེ་ཚན་སྔོན་མ།:ས་མཐོར་ཚན་རྩལ་ཁྱབ་གདལ་བཏང་། འབྲི་གཡག་ཐོན་ལས་རིམ་སྤོར་བྱས།
  • ལེ་ཚན་རྗེས་མ།:ཕོ་བྲང་པོ་ཏ་ལའི་རིག་དངོས101འགྲེམས་སྟོན་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།