དཔྱིད་ཟླ་བའི་མཛེས་པ།

        2024-05-15

མི་གསལ་མདངས་ལས་རིང་དུ་བཀྱེད། །

མཛེས་པའི་སྣང་བ་འཁྲིས་སུ་གཅར། །

མེ་ཏོག་བཞད་པའི་དཔྱིད་གསར་ནས། །

འཚོ་བའི་ཞེན་ཆགས་སེམས་ཀྱིས་རུམ། །

སེམས་ཉིད་གསལ་བའི་རང་བཞིན་ལ། །

རྨད་བྱུང་ལས་སྐལ་དྭངས་ཤིང་གཙང་། །

འཆར་ཡན་མི་འདྲ་ཁྱུ་ཚོགས་ལས། །

རྟོག་བཏགས་མིན་པའི་ལོ་ཟླར་རྒྱུད། །

སྣ་ཚོགས་སེམས་ཀྱི་དགའ་བ་ཡོངས། །

མ་བཅོས་དལ་གྱིས་མངོན་བཞིན་པ། །

ལྷིང་འཇགས་དབུས་ཀྱི་ཚོར་འདུ་ཀུན། །

དགའ་བའི་ངང་ཚུལ་འདི་ལས་དབེན། །

སྒྱུ་མའི་མདངས་ལས་འབྲལ་མེད་དུ། །

ཕྱི་ཡི་བཀོད་པ་མཐའ་མེད་ཅིག །

སྣང་ཚུལ་དབར་ནས་མཐོང་བ་ཞིག །

འཚོ་བའི་མེ་ལོང་ཇི་བཞིན་གསལ། །

ཡིད་འོང་བརྒྱ་ཕྲག་སྤུད་པའི་དུས། །

དཔྱིད་ཀྱི་ཟླ་བའི་མཛེས་སྡུག་མངོན། །

ལྗང་མདོག་ཅན་གྱི་དཔྱིད་ཟླ་ནང་། །

འཚོ་བར་འཁྲེང་པའི་ཉིན་ཞག་རྒྱུད། །

ལས་སྐལ་གཅིག་གི་བསམ་བློའི་ཚུལ། །

རབ་རིབ་མིན་པ་མངོན་དུ་འཕགས། །

མེ་ཏོག་ཀུན་གྱིས་མགོ་ལྕོག་ལྡེམ། །

དང་བ་འདྲེན་པའི་འཆར་ཡན་མང་། །

སྙན་པའི་མགུར་དབྱངས་འདྲ་བ་རེ། །

བར་སྣང་ཁམས་ནས་ལེན་པ་ཞིག །

དཔྱིད་ཀྱི་ཕོ་ཉས་དཔྱིད་ཀ་བསུ། །

རྩི་ཤིང་སྨིན་ནས་ལོ་འདབ་རྒྱས། །

འབྲས་བཟང་ཡག་པའི་སྔ་ལྟས་ཤིག །

རྨད་བྱུང་ཟླ་ཚེས་དུས་སུ་སླེབས། །

རྩོམ་པ་པོ། ཁམས་འོད་གསལ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དཔྱིད་ཀའི་མཛེས་པ།
  • ལེ་ཚན་རྗེས་མ།:དཔྱིད་དུས་བསུ།