མང་ཚོགས་ཀྱིས་བཅོལ་དངུལ་ཤུལ་འཛིན་བྱེད་སྟངས་དེ་བས་སྟབས་བདེ་རུ་བཏང་བ།

    མི་དམངས་དྲ་བ་ནས་དྲངས།    2024-05-14

 འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། མང་ཚོགས་ལ་བཅོལ་དངུལ་ཤུལ་འཛིན་བྱེད་སྟངས་སྟབས་བདེ་སྐྲུན་ཆེད། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་ཀྱིས《གྲངས་འབོར་ཉུང་བའི་འདས་པོའི་བཅོལ་དངུལ་ལེན་པའི་འབྲེལ་ཡོད་བླང་བྱ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་རེད། 2021ལོར་དེ་སྔའི་དངུལ་ཁང་དང་འགན་བཅོལ་ལས་རིགས་ལྟ་འདོམས་ཨུ་ལྷན་སོགས་ཀྱིས་འབྲེལ་ཡོད་ཡིག་ཆ་བཏོན་ནས་གོ་རིམ་དང་པོའི་ཤུལ་འཛིན་པ་དང་། གཞུང་དཔང་ཡོད་པའི་ཁ་ཆེམས་ནང་གཏན་འཁེལ་བྱས་པའི་ཤུལ་འཛིན་པའམ་ཡང་ན་ཁ་ཆེམས་ལྟར་ཤུལ་དངོས་ལེན་མཁན་གྱིས་འདས་པོའི་བཅོལ་དངུལ་སྒོར་ཁྲི་1ནང་ཚུན་ལེན་པར་གཞུང་དཔང་དགོས་པའི་བླང་བྱ་མེད་པ་བཟོས་པ་རེད། བརྡ་ཐོ་དེའི་རྨང་གཞིའི་ཐོག་གྲངས་འབོར་ཉུང་བའི་འདས་པོའི་བཅོལ་དངུལ་ལེན་སྟངས་སྟབས་བདེ་རུ་བཏང་ནས་དངུལ་ལེན་པའི་གྲངས་འབོར་དེ་གཅིག་གྱུར་ཐོག་སྒོར་ཁྲི་5བར་མཐོ་རུ་བཏང་བ་དང་འདི་ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་འཚོགས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་ འགན་དོན་འཁྱོལ་བྱས་པ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྐྱེ་ཁམས་ཁུལ་འཛུགས་སྐྱོང་གི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས།
  • དོ་སྣང་ཆེ་བའི་རྩོམ།