ཟི་ལིང་གིས་ཞིང་ཆེན་ཡོངས་སུ་དྲ་ཐོག་གི“ཏང་འཛུགས་སྐྱོང་གི་སྤྲིན་ཚོམ་དཔེ་རིས”སྔོན་ལ་ ཤར་གཏོང་བྱས་པས་གཞི་རིམ་བཅོས་སྐྱོང་ལ་ནུས་པ་ཆེན་པོ་ཐོན་པ།

    མི་དམངས་དྲ་བ་ནས་དྲངས།    2024-04-30

 འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། གསར་འགོད་པར་ཟི་ལིང་གྲོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཁོངས་གཏོགས་ཏང་རྩ་འཛུགས་ཀྱི་ལས་དོན་བསྒྲུབས་ཚུལ་གྱི་འཕེལ་རིམ་ཁ་གསལ་མེད་པ་དང་སྤུས་ཚད་དང་ཕན་འབྲས་མངོན་གསལ་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱིས་གྲངས་གཞི་བེད་སྤྱོད་ཤུགས་ཆེན་བྱས་ནས་གྲངས་གཞི་མཉམ་སྤྱོད་དང་ཕན་ཚུན་བརྗེ་སྒྱུར་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་སུ་དྲ་ཐོག་ནས་ཏང་འཛུགས་སྐྱོང་ལས་དོན་ལ་དོ་དམ་དང་། གྲངས་གཞིའི་རིག་ནུས་དབྱེ་ཞིབ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་རྒྱུར་རམ་འདེགས་སོགས་བྱེད་ནུས་གཞི་གཅིག་ཅན་གྱི“ཏང་འཛུགས་སྐྱོང་གི་སྤྲིན་ཚོམ་དཔེ་རིས”ཤར་གཏོང་བྱས་པས། ཏང་འཛུགས་སྐྱོང་ལས་དོན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
   ཟི་ལིང་གི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་ལས་སྟེགས་ཀྱི་འགག་གནད་ཅིག་ཡིན་པའི“ཏང་འཛུགས་སྐྱོང་གི་སྤྲིན་ཚོམ་དཔེ་རིས”དེས་རིགས་ཆེན་པོ་6གི་ལས་སྒོའི་ཉེར་སྤྱོད་མ་ལག་12དང་། “རིག་ལྡན་ལྔའི”ཏང་འཛུགས་སྐྱོང་གི་སྤྲིན་ཚོམ་ལས་སྟེགས་དབར་ཕན་ཚུན་སྦྲེལ་མཐུད་དང་མཉམ་འདྲེས་བྱས་ཏེ་གྲངས་གཞི་སྐབས་བསྟུན་གསར་བརྗེ་བྱེད་ཀྱི་ཡོད། གྲོང་ཁྱེར་དང་། རྫོང(ཆུས) ཤང(ཁྲོམ་གཞུང) གྲོང་ཚོ(སྡེ་ཁུལ)བཅས་རིམ་བཞིའི་སྲིད་འཛིན་ཁུལ་དབྱེ་བར་གཞིགས་ཏེ་གློག་རྡུལ་ས་ཁྲ་ནས་མངོན་པ་དེས“དཔེ་རིས་གཅིག་གིས་ས་ཁོངས་ཧྲིལ་པོ་མཐོང་ཐུབ་པ”བྱུང་ཡོད། དེ་མཚུངས་ཀྱི་རིམ་པ་བདམས་པས་ས་ཁོངས་ཏང་རྩ་འཛུགས་ཀྱི་གཞི་སྒྲོམ་དང་། ཏང་ཡོན་དཔུང་ཁག་གི་གྲུབ་ཆ། ཏང་འཛུགས་སྐྱོང་ལས་དོན་བསྒྲུབས་ཚུལ་བཅས་སྐབས་བསྟུན་ལྟ་ཐུབ་ནས། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(སྡེ་ཁུལ)1100ལྷག་ཙམ་ཟིན་ལ། གྲོང་ཚོ་ཁག་གི་གྲོང་ཚོའི་གནས་ཚུལ་དང་། ཀྲི་པུའུ་ཨུ་ལྷན་གྱི་ཁོངས་མིའི་ཆ་འཕྲིན།“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་དེ་བཞིན་རྩ་འཛུགས་འཚོ་བའི་གནས་ཚུལ་བཅས་ལའང་ཞིབ་ཕྲ་ལྟ་ཆོག་སྟབས། “དྲ་ཐོག་ཏུ་དཔེ་རིས་གཅིག་དང་། དྲ་ཕྱི་རུ་དྲ་བ་གཅིག”གི་མཉམ་འདྲེས་དང་སྦྲེལ་མཐུད་ཀྱི་རྣམ་པ་གསར་པ་ཞིག་གཏོད་ཐུབ་ཡོད།

  • ལེ་ཚན་སྔོན་མ།:ནང་ཆེན་ནས་བྲག་བརྐོས་རི་མོའི་རྗེས་ཤུལ་རྙེད་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།