ངའི་སེམས་ཀྱི་སྒྲོལ་མ་དཀར་མོ།

༼ སྦྲ་དུངས་སེམས། ༽        2024-04-26

ངའི་སེམས་ཀྱི་སྒྲོལ་མ་དཀར་མོ།

དྲོད་འཇམ་གྱི་ལག་པའི་དཀྱིལ་དུ་ངའི་

བྱིས་དུས་ཀྱི་རྩེད་ར་ཉར་ཡོད།

རེ་བཅོལ་གྱི་ཞལ་རས་དཀྱིལ་དུ་

བདག་གི་རྨི་ལམ་ཚོས་ཡོད།

བརྩེ་བའི་རྦ་རླབས་ཀྱི་དཀྱིལ་དུ་ཁྱིམ་

གཞི་ཞིག་གི་དྲོད་ཁོལ་འཁྱིལ་ཡོད།

མངལ་དུ་ཡོད་ཚེ་བདག་ལ་

གནོད་པར་དོགས་ཏེ།

ཉིན་གྱི་ཟས་དང་མཚན་མོའི་གཉིད་

སོགས་ཀྱི་ངལ་བ་བོར་ཏེ་བསྐྱངས།

གོས་འཇམ་གྱི་སྟན་ལ་བཞག བརྩེ་བའི་

ཤ་དྲོད་ལ་བཅར།

ཟླ་དགུ་ཞག་བཅུ་ལུས་ལ་ཁུར་བའི་དྲིན་ཅན་མ།

གཟུགས་མེད་ཀྱི་སྡུག་བསྔལ་སྣ་ཚོགས་

བྱུང་བར་སྐྲག་སྟེ།

སྣབས་དང་ལུད་པ་འཇམ་མཉེན་

གྱི་ལྕེ་ཡིས་བལྡགས་ཏེ་བསྐྱངས།

བྱམས་པའི་མིག་གིས་ལྟ། སྤྲོ་བ་

འཛུམ་གྱིས་བསུས།

བརྩེ་ལྡན་གྱི་ཨ་མ།

གཞན་གྱི་མི་སྡུག་པ་ཀུན་གྱིས་འཚེ་

ཡོང་བར་སྐྲག་སྐྲག་ལ་བསྡད།

གནོད་པ་དང་སྡུག་བསྔལ་ཐམས་ཅད་

སེལ་བའི་ཐབས་ལ་འབད།

བུ་ན་བ་ལས་རང་ན་བ། བུ་འཆི་བ་

ལས་རང་ཤི་ན་བསམ།

བརྩེ་བས་ནུ་ཞོ་བསྣུན། མི་གཙང་བ་

ལག་པས་ཕྱིས།

བརྩེ་བའི་ཀ་ཆེན་གྱི་གྲལ་དུ་བཞུགས་པའི་ཨ་མ།

རླུང་འཚུབ་དང་དྲག་ཆར་ཇི་ལྟར་རྒོད་ན་ཡང་།

ཉམས་པ་མེད་པར་བརྟན་འཇགས་

ཀྱི་རྒྱ་མཚོ་བཞིན།

བུ་ཕྲུག་རྣམས་ཀྱི་མགོན་དུ་གྱུར།

ཨ་རིག་དགེ་བཤེས་ཆེན་མོས།

བླ་མའི་ཐོག་མ་ནི་ཨ་མ་ཡིན་ཞེས་གསུངས་

པ་ནི་གདམས་ངག་གོ།

སུན་པ་བོར་བའི་བརྩེ་སེམས་ཀྱི་ཀློང་ནས།

ལོ་ཟླའི་དཀའ་སྡུག་ཡོད་ཚད་ཁྱེད་ཀྱིས་

བདེ་སྐྱིད་དུ་བསྒོམས།

ཁྲི་གདུགས་ཉི་མ་ཇི་བཞིན་འཛུམ་དམུལ་

དམུལ་གྱིས།

ང་ཚོ་ནར་སོན་དུ་བཅུག།

བརྩེ་བའི་བདག་མོ།


  • ལེ་ཚན་སྔོན་མ།:ནང་སེམས་ཀྱི་མགུར་གླུ།
  • ལེ་ཚན་རྗེས་མ།:རྒྱང་རིང་དུ་བསྐུར་བའི་ཞུ་མཆིད།