དཔྱིད།

གཞི་ཚང་ཟླ་བ་གྲགས་པ།        2024-04-19

གནམ་སྔོན་པོའི་གཡའ་དག་ཀྱང་།

ཉི་མ་ད་དུང་མ་ཤར།

སྙིང་མཆོང་རི་སྨུག་པོའི་དབུ་རྩེར།

སྔར་བཞིན་མུན་པ་ནག་སྟུག་གེར་འཁྲིགས།

ས་དོག་མོའི་མཐིལ་དྲོས་ཀྱང་།

མྱུ་གུས་ས་གཞི་ད་དུང་མ་བརྟོལ།

ཁུ་སིམ་པའི་ཁེར་རྐྱང་གི་འཁྱག་རི།

སྔར་བཞིན་ཀྲོང་ངེར་འགྱིང་།

ཆར་བསིལ་མས་གཏིང་སེར་བསླངས་ཀྱང་།

མེ་ཏོག་ད་དུང་མ་བཞད།

རེ་ཞིང་བསྒུགས་པའི་ནེའུ་གསིང་དུ།

སྔར་བཞིན་དགུན་ཁ་གཞན་ཞིག་ཚེས།

སྙིང་ཉེ།

དཔྱིད་ཀ་བསླེབས་ཀྱང་།

དཔྱིད་དཔལ་སླར་བཞིན་ཚེས་མ་བྱུང་།


  • ལེ་ཚན་སྔོན་མ།:དལ་གྱིས་ལྡང་བའི་དཔྱིད་རླུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།