ཧྲེན་དབྱང་དང་ཧྲུའུ་ཏ་ཁྲུན་སོགས་ཁུལ་རིམ་པའི་མགོ་ཁྲིད་དར་མདོར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས།

བདེ་སྐྱིད་ཀྱིས་བསྒྱུར།        2024-04-29

འཛམ་གླིང་སའི་གོ་ལའི་ཉིན་མོ55པ་འཆར་བ་དང་བསྟུན་ནས་ཁུལ་མགོ་ཁྲིད་རྣམས་དར་མདོ་གྲོང་ཁྱེར་གཉའ་ལུང་འགོ་གྲོང་སྡེའི་ཤིང་འཛུགས་སར་ཕེབས་ནས། ཁུལ་རིམ་པའི་སྡེ་ཚན་དང་དར་མདོ་གྲོང་ཁྱེར་ལས་ཁུངས་ཀྱི་ལས་བྱེད་དང་ལས་བཟོ། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ནས་མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་སྐྲུན་པར་སྔོ་ལྗང་གི་ཚོན་མདངས་བསྣན་པ་རེད།

ཧྲེན་དབྱང་གིས་ངལ་རྩོལ་ཞོར་དུ་ཤིང་ཕྲུག་གི་སྣ་ཁ་དང་སྐྱེ་འཚར་དུས་ཡུན། གསོན་ཚད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་རྗེས། ནགས་རྩྭ་སྡེ་ཚན་ལ་ཤིང་ཕྲུག་དོ་དམ་སྲུང་སྐྱོང་ལ་ཤུགས་བརྒྱབ་སྟེ། གསོན་ཚད་མཐོ་རུ་གཏོང་གང་ཐུབ་དང་སྐྱེ་ཁམས་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་ཏན་ཏིག་གཏང་དགོས་ཞེས་མངགས་བཅོལ་གནང་། ཧྲེན་དབྱང་གིས་ཉེ་འགྲམ་གྱི་ལོ་ཆུང་གདོང་ལེན་རུ་མི་དང་བྱམས་བརྩེའི་ངང་ཁ་བརྡ་གནང་སྐབས་ཚང་མར་འཛམ་གླིང་སའི་གོ་ལའི་ཉིན་མོའི་དོན་སྙིང་གལ་ཆེན་རྒྱས་བཤད་གནང་ཞིང་། གཞོན་ནུ་ལོ་ཆུང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ་དོན་ཆུང་ནས་འགོ་བརྩམས་པ་དང་ཉེ་འགྲམ་གྱི་བྱ་བ་ནས་འགོ་བརྩམས་ཏེ། རང་ཉིད་ཀྱི་མིག་སྲུང་བ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། རང་བྱུང་ལ་བརྩི་འཇོག་དང་དགའ་ཞེན། སེམས་ཤུགས་གཅིག་སྒྲིལ་གྱིས་ཕ་ཡུལ་གྱི་སྔོ་ལྗང་རི་ཀླུང་སྲུང་སྐྱོང་ཡག་པོ་བྱ་དགོས་པའི་སྐུལ་མ་གནང་བ་རེད།

ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་ནགས་ལས་འཛུགས་སྐྲུན་འཆར་འགོད་དང་འདི་ལོའི་ནགས་བཟོ་སྔོ་འགྱུར་སོགས་ཀྱི་གནས་ཚུལ་སྙན་ཞུར་ཉན་འཇོག་གནང་བ་རེད། ཁོང་གིས་གོང་ཚེས་ཉིན་ཤིང་འཛུགས་ནགས་བཟོ་བྱེད་སྒོ་སྤེལ་བ་དེ་འཛམ་གླིང་སའི་གོ་ལའི་ཉིན་མོ55པའི“སའི་གོ་ལར་གཅེས་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི”གཙོ་དོན་ལ་ཏག་ཏག་བསྟུན་བཞིན་ཡོད་པས་བྱས་རྗེས་དེང་འདིར་འཇོག་ཅིང་ཕན་འབྲས་བསྐལ་བརྒྱར་འཐོབ་སྲིད། དཀར་མཛེས་ཁུལ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་དང་། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཏུ་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ཏེ། སྔོ་ལྗང་རྒྱ་སྐྱེད་དང་སྔོ་ལྗང་དར་རྒྱས། སྔོ་ལྗང་སྲུང་སྐྱོང་བཅས་མཉམ་དུ་སྤེལ་དགོས་པའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་མགྱོགས་མྱུར་བཙུགས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་དཀར་མཛེས་ཁུལ་གྱི་ལེགས་སྐྱེས་འབུལ་དགོས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་བརྒྱབ་སྟེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་རི་ཆུ་དང་ནགས་ཞིང་། མཚོ་དང་རྩྭ། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་དང་། དོ་དམ་སྲུང་སྐྱོང་དང་བདག་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་དམངས་ཡོངས་ཀྱི་ལྗང་མདོག་ཕོ་ཉ་བྱེད་པ་དང་གནམ་སྔོན་མོ་ཆུ་དྭངས་མ་སྲུང་བའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་གྱི་ལྗང་མདོག་གི་གཞི་རྩ་རྒྱུད་ཆད་མེད་པར་ཟབ་ཏུ་གཏང་དགོས། རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་སྐུལ་བ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རྒྱལ་ཁབ་ས་ཆ་སྔོ་ལྗང་དུ་གཏོང་བ། མི་ཚང་མས་སྔོ་ལྗང་ལ་དགའ་བ་དང་སྔོ་ལྗང་འདེབས་པ། སྔོ་ལྗང་སྲུང་སྐྱོང་བཅས་བྱེད་པའི་ཤེས་དཔལ་གྱི་དར་སྲོལ་ཆགས་པར་བྱས་ཏེ། ཤིང་འཛུགས་ནགས་བཟོའི་ཁོར་ཡུག་ཡག་པོ་ཧུར་ཐག་བསྐྲུན་དགོས་ཞེས་གསུངས་པ་རེད།

བསྡོམས་རྩིས་ལ་གཞིགས་ན། 2023ལོར་རང་ཁུལ་གྱི་མི་ཁྲི40ལྷག་འོས་འགན་ཤིང་འཛུགས་ནང་ཞུགས་ནས་མུའུ་ཁྲི50.72ལ་ཤིང་ཕྲུག་ཁྲི200ལྷག་བཙུགས་པས། གནས་མཆོག་དཀར་མཛེས་ཁུལ་གྱི་རི་སྔོ་ཆུ་དྭངས་དང་སྐྱེ་ཁམས་ཁོར་ཡུག་སྔར་བས་མཛེས་ཤིང་སྡུག་པ་ཡོང་བར་ཤུགས་བརྒྱབ་ཡོད།།

  • ལེ་ཚན་སྔོན་མ།:ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།