སྐབས་བཅུ་གཉིས་པའི་ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དྲུག་པ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2024-04-01

             སྤྱི་ཟླ3པའི་ཚེས25ཉིན། སྐབས་བཅུ་གཉིས་པའི་ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། ཚོགས་ཐོག་ཏུ་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་་ཚོགས་ཐེངས་གསུམ་པ་དང་བཞི་པ། སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ལྔ་པ་བཅས་ཀྱི་སྙིང་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པར་མ་ཟད་འབྲེལ་ཡོད་ཡིག་ཆར་ཞིབ་གྲོས་བྱས་པ་དང་། སླད་ཕྱིན་གྱི་ལས་ཀ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་འགན་བཞེས་ཤིང་གསུང་བཤད་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏེང་ལི་ཅུན་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་སྤར་ཞིང་།བཅོས་བསྒྱུར་གྱི་ཐུན་མོང་ངོས་འཛིན་གཅིག་མཐུན་བྱ་དགོས་པ་དང་། བཅོས་བསྒྱུར་ལས་འགན་ཁ་གསལ་བཟོས་ཤིང་། བཅོས་བསྒྱུར་གཙོ་གནད་མངོན་གསལ་དོད་པོར་བྱ་དགོས། བཅོས་བསྒྱུར་གྱི་སྒུལ་ནུས་ཇེ་ཆེར་གཏོང་བ་དང་། བཅོས་བསྒྱུར་གྱི་སྤུས་ཚད་དང་ལས་ཆོད་ཇེ་མཐོར་གཏང་དགོས། ལས་ཀའི་འགན་འཁྲི་དོན་ཐོག་འཁྱོལ་ཞིང་། བཅོས་བསྒྱུར་གྱི་དར་སྲོད་གསར་པ་མངོན་དགོས།

གྲོས་ཚོགས་ཐོག《ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི2024ལོའི་ལས་ཀའི་གཙོ་གནད།》དང《ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི2024ལོ་འཁོར་གྱི་བཅོས་བསྒྱུར་དོན་འཁྱོལ་རྩིས་ཁྲ》སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས།

སྐབས་བཅུ་གཉིས་པའི་ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་ཨུ་ཡོན་རྣམས་གྲོས་ཚོགས་སུ་ཞུགས་པ་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།།


  • ལེ་ཚན་སྔོན་མ།:ལ་དང་ལུང་པ་བརྒལ་ནས་མེ་སྐྱོན་ཤོར་ཡུལ་ལ་དངོས་རྫས་བསྐྱལ།
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་གིས་གཞུང་ལམ་དཔེ་སྟོན་རྫོང་གསར་འཛུགས་ཐུབ་པར་བྱུང་།
  • དོ་སྣང་ཆེ་བའི་རྩོམ།