ཞི་ཅིན་ཕིང་གིས་ཨུ་རུ་སུར་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་ཐོན་པར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ།

    མི་དམངས་དྲ་བ་ནས་དྲངས།    2024-03-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་མོ་སི་ཁོ་ཀྲོའུ་ཡི་རོལ་དབྱངས་ཚོམས་ཆེན་ཞིག་ཏུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།

    ཞི་ཅིན་ཕིང་གིས་སྐུ་ཉིད་རྒྱལ་ཁབ་ཀྱི་མོ་སི་ཁོ་ཀྲོའུ་ཡི་རོལ་དབྱངས་ཚོམས་ཆེན་ཞིག་ཏུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་ཤེས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན་ལ། རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་གི་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་འཇིགས་སྐུལ་འཇབ་རྒོལ་གྱི་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་སྟེ། ཨུ་རུ་སུ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད། 

  • ལེ་ཚན་སྔོན་མ།:2023ལོར་ཕྱི་ཕྱོགས་ཚོང་གཉེར་བྱེད་པོ་ཁྲི་60ལས་ཐོག་མར་བརྒལ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།