2023ལོར་ཕྱི་ཕྱོགས་ཚོང་གཉེར་བྱེད་པོ་ཁྲི་60ལས་ཐོག་མར་བརྒལ་བ།

    མི་དམངས་དྲ་བ་ནས་དྲངས།    2024-03-19

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་བར། 2023ལོར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཟིན་ཐོར་འཁོད་པའི་ཕྱི་ཕྱོགས་ཚོང་གཉེར་བྱེད་པོ་ཁྲི་60ལས་ཐོག་མར་བརྒལ་ནས་ཁྲི་64.5ཟིན་གྱི་ཡོད་པ་རེད། རྒྱལ་ཡོངས་ཀྱི་འགག་སྒོ་ལས་ཁུངས་ཀྱིས་རིག་ནུས་བྱེད་ཐབས་ལ་བརྟེན་ནས་ས་གནས་ས་ཐོག་ཏུ་ལས་སྒྲུབ་དང་། ལྟ་འདོམས་ཚོད་སྐོར། ཚན་རིག་དང་མཐུན་པའི་ཐབས་ཇུས་བཅས་ཀྱི་ཐོག་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཆ་ཆེ་རུ་བཏང་སྟེ། ཁེ་ལས་ཀྱི་མ་གནས་ཆུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་འགྲོ་བར་རོགས་རམ་བྱས་ཡོད།
    འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་གཉེར་སྐྱོང་བྱེད་པོ་ཡིན་པའི་ཁེ་ལས་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན། རྒྱལ་ཡོངས་ཀྱི་འགག་སྒོ་ལས་ཁུངས་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་ཐད་ཀྱི་རིག་ནུས་འགག་སྒོ་ལས་ཁུངས་ཀྱི་ནུས་པ་ཧུར་ཐག་བཏོན་ནས་ཁེ་ལས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཡོད།
   གཅིག་ནས་ལས་སྒོ་སྒྲུབ་གཉེར་ལ་དེ་བས་སྟབས་བདེ་ཡོང་བར་སྐུལ་འདེད་བཏང་བ། རྒྱལ་སྤྱིའི་ཚོང་དོན་གྱི“སྐར་ཁུང་རྐྱང་པ”འཛུགས་སྐྱོང་མུ་མཐུད་ཟབ་ཏུ་བཏང་ནས“གཅིག་འཐུས་རྣམ་པའི་སྒྲུབ་གཉེར”གྱི་ལས་ཀའི་ལམ་སྲོལ་སྔར་བས་ལེགས་སུ་བཏང་ཡོད། གཉིས་ནས་ཟོག་འགྲེམས་སྐྱེལ་འདྲེན་དེ་བས་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ། གསུམ་ནས་འགག་སྒོའི་ལྟ་འདོམས་དེ་བས་རིག་ནུས་ལྡན་པར་སྐུལ་འདེད་བཏང་ཡོད། མིག་སྔར་ཧྲང་ཧའེ་གཡང་ཧྲན་གྲུ་ཁའི་དུས་ཐེངས་བཞི་པ་དང་ཀོང་ཀྲོའུ་ནན་ཧྲ་གྲུ་ཁའི་དུས་ཐེངས་བཞི་པ་སོགས་རང་འགུལ་ཅན་གྱི་གྲུ་ཁར་མི་མེད་འདོན་འཇུག་དང་ཁ་ལོ་བ་མེད་པའི་སྐྱེལ་འདྲེན་སོགས་ཀྱི་རང་འགུལ་ཅན་གྱི་བྱེད་ཐབས་རིམ་གྱིས་མངོན་འགྱུར་བྱུང་ཡོད་ཅེས་བརྗོད།
   མིག་སྔར་འགག་སྒོ་ལས་ཁུངས་ཀྱིས་མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་སྤྱད་དེ། སྐད་བརྡ་ཕབ་འཇུག་དང་། པར་རིས་དབྱེ་འབྱེད། རིག་ནུས་འཚོལ་ཞིབ་སོགས་ཀྱི་ནུས་པ་མངོན་འགྱུར་བྱས་ནས། ཁེ་ལས་ཀྱི་ལས་སྒོ་གཉེར་བར་སྔར་བས་སྟབས་བདེ་དང་། ནུས་ཆེ། གནད་སྨིན་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། 2023ལོའི་ལོ་མཇུག་བར་དྲ་སྦྲེལ་དང་འགག་སྒོ་ཟུང་འབྲེལ་གྱི་གཞི་གཅིག་ཅན་གྱི་དྲ་ཐོག་ལས་སྒྲུབ་ལས་སྟེགས་ཀྱིས་སྲིད་དོན་ཞབས་ཞུའི་དོན་ཚན་ཁག་112དང་བཙལ་འཚོལ་དང་དེ་བཞིན་སྤྱི་པའི་ཞབས་ཞུ་ཁག་37མཁོ་འདོན་བྱས་ཡོད། “ལག་ཐོག་འགག་སྒོའི”ཉེར་སྤྱོད་བྱ་རིམ་ནས་ཞབས་ཞུའི་རྣམ་གྲངས་108མཁོ་འདོན་བྱས་པ་དང་། “ལག་ཐོག་འགག་སྒོའི”སྐད་འཕྲིན་ནས་རྣམ་གྲངས་45མཁོ་འདོན་བྱས་པ། “སྐར་ཁུང་རྐྱང་པ”ནས་རིགས་ཆེ་གྲས་23དང་གཞི་རྩའི་ཞབས་ཞུའི་རྣམ་གྲངས་875བཙུགས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་འཛམ་གླིང་གི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་ཚོགས་ལ་ཞུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།