བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱིས་ཞིང་ལས་དུས་ཚོད་དམ་ དུ་བཟུང་ནས་རྨོ་འདེབས་གྲ་སྒྲིག་བྱེད།

( ཀུན་དགས་བསྒྱུར།)        2024-03-18

ཞིང་ལས་ལག་རྩལ་པས་ཞིང་ལས་ཐོན་སྐྱེད་སྐོར་མཛུབ་སྟོན་བྱེད་བཞིན་པ།


ཞིང་རྨོད་བཞིན་པ།

ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་ཡོད་ལ།ལོ་གཅིག་གི་ལོ་ལེགས་འབྱུང་མིན་ནི་དཔྱིད་རྨོད་ལ་ཐུག་ཡོད། ད་ལྟ་ནི་དཔྱིད་རྨོད་གྲ་སྒྲིག་གི་འགག་རྩའི་དུས་སྐབས་ཡིན་པས་ཉིན་ཤས་བསྟུད་མར་བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱིས་སྔ་སྣུར་བཀོད་སྒྲིག་དང་། ཞིང་ལས་ཀྱི་དུས་ཚོད་དམ་འཛིན་བྱས་ནས་ཤུགས་ཡོད་རྒུས་ཞིང་ལས་ཐོན་སྐྱེད་དང་འབྲུ་རིགས་ཉེན་མེད་ཡོང་བར་འགན་ལེན་བརྟན་པོ་བྱས་ཡོད།

དཔྱིད་རྨོད་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད། ཁེ་རྡོ་གྲོང་རྡལ་གྱིས་སྔ་སྣུར་དུ་ཇུས་འགོད་བཀོད་སྒྲིག་བྱས་ནས་ཞིང་ལས་ལག་རྩལ་མི་སྣ་དུས་ཐོག་ཏུ་ཞིང་ནང་ལ་མངགས་ནས་ཞིང་དུད་ཀྱི་ཞིང་ནང་དོ་དམ་སྐོར་མཛུབ་སྟོན་ཞབས་ཞུ་བྱས། ཞིང་ལས་སྐྱེ་དངོས་མི་འདྲ་བའི་སྐྱེ་འཚར་ཁྱད་ཆོས་ལ་དམིགས་ནས་དུས་ཐོག་ཏུ་ཆུ་ལུད་དོ་དམ་ཚོད་འཛིན་དང་།ཡུར་མ་ཡུར་བ།ནད་འབུ་འགོག་བཅོས་སོགས་ཀྱི་མཛུབ་ཁྲིད་ཞབས་ཞུ་ཡག་པོ་སྒྲུབ་པ་དང་། དུས་མཉམ་དུ་དཔྱིད་རྨོད་རིང་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ལ་ཞིབ་བཤེར་བཟོ་བཅོས་དང་མཛུབ་ཁྲིད་བྱས་ནས་ཞིང་འཕྲུལ་དུས་བཀག་ལྟར་ཉམས་གསོ་དང་རྒྱུན་གཏན་གྱི་ཉམས་གསོ་སོགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ། ཞིང་འཕྲུལ་ཡོ་བྱད་ལ་ལྷག་པའི་སྐྱོན་དང་མངོན་མེད་རྐྱེན་ངན་རེ་རེ་བཞིན་གྲལ་བཤེར་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་ལ་རམ་འདེགས་བྱས།

དཔྱིད་རྨོད་གྲ་སྒྲིག་ལ་ཞིང་ལས་ཀྱི་རྒྱུ་ཆས་སྔོན་ལ་སྤྱད་དགོས། ཁེ་རྡོ་གྲོང་རྡལ་གྱིས་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་སྡེ5ཡི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཞིང་སྤྱོད་དངོས་ཟོག་ཉོ་སྒྲུབ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བར་མ་ཟད།གྲོང་རྡལ་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་སྤྱི་གཉེར་ཁང་སྟེ། བརྒྱད་ཟིལ་རྫོང་སྨུན་སྤྲིན་ཡུལ་སྡེ་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་ཞིང་ལས་རྒྱུ་ཆའི་ཞབས་ཞུའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ལས་རྒྱུ་ཆའི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་ཞིང་ལས་རྒྱུ་ཆའི་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཤུགས་ཡོད་རྒུས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དངོས་ཟོག་མཁོ་སྤྲོད་འདང་ངེས་ཡོང་བ་དང་དཔྱིད་རྨོད་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱས་ཡོད།

ཕྱིན་ཆད་ཁེ་རྡོ་གྲོང་རྡལ་གྱིས་བརྟན་ཐོག་ཡར་འཕེལ་ཡོང་བའི་སྤྱིའི་བླང་བྱ་མཐའ་འཁྱོངས་ནས་ཡིད་ཆེས་བརྟན་པོ་དང་ངར་ཤུགས་བརྟན་པོས་དཔྱིད་རྨོད་ཐོན་སྐྱེད་ཧུར་ཐག་བྱས་ཏེ་ལོ་ཧྲིལ་པོར་ལོ་ལེགས་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།།

  • ལེ་ཚན་སྔོན་མ།:རོང་བྲག་རྫོང་དུ་ལི་མེ་ཏོག་བཞད་པའི་འཁྱུག་དབྱིངས་བརྙན་ཐུང་འགྲན་སྡུར་ཆེན་པོ་སྤེལ་འགོ་བཙུགས།
  • ལེ་ཚན་རྗེས་མ།:དར་མདོའི་རྒྱུ་ལ་ཤར་རྒྱུད་ཀྱི་ཞིང་པ་ཚོས་དཔྱིད་རྨོད་གྲ་སྒྲིག་བྱེད།
  • དོ་སྣང་ཆེ་བའི་རྩོམ།