ཁུལ་མགོ་ཁྲིད་ཁུལ་རིམ་པའི་སྡེ་ཚན་ཁག་ལ་བསྐྱོད་ནས་ལོ་སར་རྗེས་ཀྱི་ལྟ་སྐུལ་ཁྲིད་སྟོན་ལས་དོན་སྤེལ།

བདེ་སྐྱིད་ཀྱིས་བསྒྱུར།        2024-02-28

     སྤྱི་ཟླ2པའི་ཚེས25ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་གྱིས་སྣེ་ཁྲིད་དེ་ཁུལ་སློབ་གསོ་ལུས་རྩལ་ཅུས་དང་ཁུལ་འཕེལ་བསྒྱུར་ཨུ་ལྷུན། ཁུལ་ནོར་སྲིད་ཅུས། ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་སོགས་སུ་བསྐྱོད་དེ་ལོ་སར་རྗེས་ཀྱི་ལས་འགོ་འཛུགས་ཚུལ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་དང་དཔྱིད་དུས་སློབ་འགོ་ཚུགས་ཚུལ། འཕྲོད་བསྟེན་བདེ་ཐང་ཞབས་ཞུ། གཞུང་ལམ་འགྲིམ་འགྲུལ་ཉེན་མེད། དཔྱིད་རྨོད་སོགས་ཀྱི་ལས་ཀར་ལྟ་སྐུལ་ཁྲིད་སྟོན་བྱས་པ་རེད།

     ཁུལ་སློབ་གསོ་ལུས་རྩལ་ཅུས་སུ་ཏེང་ལི་ཅུན་གྱིས་ཚང་མར་དཔྱིད་སར་དུས་ཆེན་གྱི་འཚམས་འདྲི་ཞུས་ཤིང་། ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་། དཔྱིད་དུས་སློབ་འགོ་ཚུགས་པའི་ལས་དོན་ཁག་ཞིབ་ཚགས་ངང་ཡག་པོ་བསྒྲུབ་དགོས་པ་དང་། ཉེན་ཁའི་རྐྱེན་ངན་སྣ་ཚོགས་ཁྱོན་ཡོངས་ནས་ཚགས་བཤེར་དང་བཅོས་སྒྲིག་བྱས་ཏེ། སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་ཁུལ་ཡོངས་ཀྱི་སློབ་གསོ་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས་ཞེས་གསུངས་པ་རེད། ཁུལ་འཕེལ་བསྒྱུར་ཨུ་ལྷན་དུ་ཏེང་ལི་ཅུན་གྱིས་ལས་བྱེད་ལས་བཟོ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། ལོ་གསར་པའི་ལས་ཀའི་འཆར་གཞིར་ཉན་པ་དང་འབྲེལ། རྒྱུན་གོམས་ཀྱི་བསམ་གཞིག་ལ་འགྱུར་ལྡོག་གཏོང་བ་དང་། གཙོ་གནད་ལས་གཞིར་དོ་སྣང་། ལེགས་ཆ་བརྟན་འཁྱོངས་གསར་གཏོད་ལ་ཤུགས་སྣོན། དཔལ་འབྱོར་འཕར་གཞི་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་ཡག་པོ་སྤེལ་ཆེད་རྨང་གཞི་བརྟན་པོ་གདིང་དགོས་ཞེས་གསུངས་པ་རེད།

     ཁུལ་ནོར་སྲིད་ཅུས་སུ་ཏེང་ལི་ཅུན་གྱིས་ཚང་མར་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པ་དང་། རང་འཁྲིའི་ལས་འགན་ལ་གཞི་ཚུགས་ཤིང་ལས་ཕྱོད་ཆེ་རུ་བཏང་སྟེ་སེམས་ནུས་ཡོད་རྒུས་ལས་དོན་ཁག་ནང་ཞུགས་དགོས་ཞེས་སྐུལ་ལྕག་གནང་བ་རེད། ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་སུ་ཏེང་ལི་ཅུན་གྱིས་ལས་བྱེད་པ་དང་ལས་བཟོ་པས་ལས་གནས་ཀྱི་འགན་འཁྲི་བསྒྲུབས་ཚུལ་ལ་རྒྱུས་ལོན་གནང་ཞིང་། ཁོང་གིས་དུས་ཚིགས་དང་པོའི་འགོ་ཚུགས་མ་ཐག་གྲུབ་འབྲས་འཐོབ་པར་བརྩོན་ཏེ། དམིགས་ཚད་ལས་འགན་གཞིར་བཟུང་། ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་གཏང་དགོས་ཞེས་གསུངས་པ་རེད།

     ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་སུ་ཏེང་ལི་ཅུན་གྱིས་ཚང་མས་དུས་ཆེན་གཉིས་རིང་དཀའ་སྤྱད་ལས་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཇུས་འགོད་དང་སྤུས་ཚད་ཞིབ་དཔྱད། ལག་རྩལ་རིམ་སྤོར་སོགས་ཀྱི་ནང་དོན་འཆར་འགོད་བྱས་ནས་ལས་ཀའི་སྤྲོ་སེམས་སློང་བ་དང་བསམ་པའི་ཉམས་འགྱུར་དེ་བས་ལེགས་པའི་སྒོ་ནས་འགོ་ཡག་པོ་བཙུགས་ཏེ། རང་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ་ཏེང་ལི་ཅུན་གྱིས་འབྲེལ་ཡོད་ལས་དོན་སྙན་ཞུར་གསན་རྗེས་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ལ་ཤུགས་བརྒྱབ་ནས། རང་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་རྒྱུན་ཆད་མེད་པར་བསྐུལ་ཏེ། ཁུལ་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་ལ་བསྲུང་དགོས་ཞེས་གསུངས་པ་རེད། ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་སུ་ཏེང་ལི་ཅུན་གྱིས་རྒྱ་ཆེ་བའི་ལས་བྱེད་ལས་བཟོར་འདས་པའི་ལོ་གཅིག་ནང་ཞིང་གསུམ་ཁྱབ་ཁོངས་སུ་བྱས་རྗེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་རྗེས། ཁོང་གིས་ལོ་གསར་པའི་ནང་འབྲུ་རིགས་ཉེན་མེད་ཀྱི་མཐིལ་ཚད་བསྲུངས་ནས་ཞིང་ལས་རྟེན་གཞིའི་གླིང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཚན་རྩལ་བཀོལ་སྤྱོད་གཞན་སྒྱུར་ལ་ཤུགས་སྣོན། ཞིང་གསུམ་དོ་དམ་དང་ཞབས་ཞུ་ཡག་པོ་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་པར་བསྐུལ་དགོས་ཞེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:སི་ཁྲོན་ལི་ཐང་གིས་ཐབས་ལམ་གསར་པར་བརྟེན་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་བཏང་བ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྨན་བཅོས་ཞབས་ཞུ་ཇེ་ཡག་ཏུ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།