ལོ་གཡང་བཀྲ་ཤིས་སྨོན་འདུན།

སྒོ་སྤྲེལ་ངེས་དོན།        2024-02-26

བཀྲ་ཤིས་ཤོག། བདེ་ལེགས་ཤོག།

གནམ་ལོ་གསར་པའི་ནང་དུ།

སྐུ་བསོད་རི་རྒྱལ་ལྷུན་པོ་མཐོ་བར་སྨོན།།

དབང་ཐང་གཡུ་ཡི་མེ་ལོང་དྭངས་བར་སྨོན།།

མཐུན་སྒྲིལ་གསེར་གྱི་ཨ་ལོང་སྲ་བར་སྨོན།།

སྙན་གྲགས་གཡུ་འབྲུག་སྔོན་མོ་ལྡིར་བར་སྨོན།།

ཆོལ་གསུམ་སྤུན་ཟླའི་བསམ་དོན་འགྲུབ་པར་ཤོག

བཀྲ་ཤིས་ཤོག། བདེ་ལེགས་ཤོག།

གནམ་ལོ་གསར་པའི་ནང་དུ།

ཞི་བདེའི་དུང་མདོག་ཟླ་བ་གསལ་བར་སྨོན།།

རྒྱལ་བསྟན་གསེར་གྱི་ཉི་གཞོན་འཆར་བར་སྨོན།།

བསོད་ནམས་གཡང་གི་མཚོ་མོ་འཁྱིལ་བར་སྨོན།།

གང་བརྩམས་ལས་ཀྱི་རླུང་རྟ་དར་བར་སྨོན།།

གདོང་དམར་ཕུ་ནུའི་ཁ་དགེ་ཚེ་རིང་ཤོག

བཀྲ་ཤིས་ཤོག། བདེ་ལེགས་ཤོག།

གནམ་ལོ་གསར་པའི་ནང་དུ།

བརྩེ་ལྡན་ཕ་མའི་སྐུ་ཚེ་བརྟན་པར་སྨོན།།

འགྱུར་མེད་ཕུ་ནུའི་བརྩེ་བ་དམ་པར་སྨོན།།

ནད་མུག་འཁྲུག་རྩོད་དབྱིངས་སུ་ཞི་བར་སྨོན།།

བདེ་སྐྱིད་གཡང་གི་རུ་མ་འཁྱིལ་བར་སྨོན།།

རིགས་གཅིག་སྤུན་ཟླའི་ཅི་བསམ་དོན་འགྲུབ་ཤོག།

  • ལེ་ཚན་སྔོན་མ།:ལོ་སར་བསུ་བའི་ཚིག་ གི་ཤམ་བུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།