ཧྲེན་དབྱང་གིས་ལོ་སར་རྗེས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་ལ་བརྟག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2024-02-26

སྤྱི་ཟླ2པའི་ཚེས19ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བར་ཕེབས་ནས། རྒྱ་ཆེ་བའི་ལས་བྱེད་པ་དང་ལས་བཟོ་པར་འདས་ཟིན་པའི་ལོ་གཅིག་རིང་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཚང་མར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། ཁོང་གིས་ལོ་གསར་པའི་ནང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོའི་གྲུབ་འབྲས་མུ་མཐུད་ནས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས། ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཨུའི་སྤྱི་ཡོངས་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་དངོས་འཛིན་དངོས་སྒྲུབ་དང་། ལས་དོན་སྒྲུབ་ཕོད་པ་བྱས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་དང་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཀྲུང་གོ་གསར་པ་བཙུགས་ནས་ལོ75འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་འཚམས་འདྲི་དང་བརྟག་ཞིབ་ནང་ཞུགས་པ་རེད།

ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་གཞུང་ལས་ཁང་དུ་ཕེབས་སྐབས་ཧྲེན་དབྱང་གིས་འགན་ནུས་དང་ལས་ཀའི་འཁོར་སྐྱོད། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་རྒྱལ་ཁབ་གློག་དྲྭ་དཀར་མཛེས་གློག་གཏོང་སྤྱི་གཉེར་ཁང་དང་། ཏ་ཐང་རྒྱལ་སྤྱིའི་དཀར་མཛེས་ཆུ་གློག་གསར་སྤེལ་སྤྱི་གཉེར་ཁང་། ཧྭ་ནེང་དར་མདོ་ཆུ་གློག་སྤྱི་གཉེར་ཁང་སོགས་ཀྱི་སྒྲིག་སྲོལ་ཐོག་ཁེ་ལས་འཕེལ་རྒྱས་གཏོང་ཚུལ་སོགས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཧྲེན་དབྱང་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ནི་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་ཅིག་ཡིན་པས། བརྟན་ཐོག་ཡར་འཕེལ་དང་སྔོན་དུ་གཏོད་པ་རྒྱུན་འཁྱོངས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཟོ་ལས་ཅན་དང་བཟོ་སྐྲུན་ལས་རིགས་རིག་ནུས་ཅན་གྱི་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་སྙིང་དོན་དོན་འཁྱོལ་ནན་ཏན་བྱས་ཤིང་། གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བསམ་ཕྱོགས་གསལ་པོར་བཟོས་ནས། བཟོ་ལས་ཅན་གསར་པའི་ངོས་འཛིན་ཆེ་རུ་གཏོང་བ་དང་། ལེགས་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་དམིགས་ཚད་གཙོ་བོའི་གོ་གནས་བརྩོན་གནས་ཐབ་པ་ལ་དམིགས་དགོས། ཁེ་ལས་ཀྱི་འཐུས་མི་དང་སྤེལ་རེས་གནང་སྐབས་ཚང་མར་ཡང་འབད་བསྐྱར་འབད་དང་གོ་སྐབས་དམ་འཛིན་བྱས་ནས། ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། འཕེལ་རྒྱས་ཀྱི་བར་མཐོངས་རྒྱུན་མི་ཆད་པར་རྒྱ་ཆེ་རུ་བཏང་ནས། དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད། ཁུལ་སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ཅུས་སུ་ཕེབས་སྐབས། ཧྲེན་དབྱང་གིས་ལས་བྱེད་ལས་བཟོ་ཚོར་བྱམས་བརྩེའི་ངང་གླེང་མོལ་གནང་ནས་བསམ་འཆར་དང་གྲོས་འགོར་གསན་པ་དང་། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསར་པར་གདེང་འཇོག་གང་ལེགས་གནང་བ་རེད། ཁུལ་དམག་ཁུངས་ནས་འཐེན་པའི་དམག་མིའི་ལས་དོན་ཅུས་ཀྱིས་མི་སྣ་བཀོད་སྒྲིག་དང་། ཞབས་ཞུ་སྒྲིག་འཛུགས། ལས་སྒྲུབ་བརྒྱུད་རིམ། དམག་ཁུངས་ནས་འཐེན་པའི་དམག་མིའི་ཞབས་ཞུ་འགན་ལེན་མ་ལག་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།། 

  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་དུ་དམངས་ཁྲོད་ལག་རྩལ་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།