རང་ཁུལ་གྱིས་ཉེན་མེད་བརྟན་བརླིང་དང་ནགས་རྩྭའི་མེ་ཟོན་ལས་དོན་གྱི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2024-01-24

སྤྱི་ཟླ་དང་པོའི་ཚེས16ཉིན། ཁུལ་ཡོངས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་ཉེན་མེད་བརྟན་བརླིང་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་གྱི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་ད་སྔའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་ཅིང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་དང་ལྷག་པར་དུ་དུས་ཆེན་གཉིས་ཀྱི་སྔོན་རྗེས་སུ་སྤྱི་ཚོགས་བརྟན་བརླིང་དང་། མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག། ཉེན་མེད་ཐོན་སྐྱེད། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་ཀ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པར་མ་ཟད་གཏམ་བཤད་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཆང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་པོ་ཐའོ་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་རྫོང(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཉེན་མེད་ཡོང་བར་འགན་ལེན་མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ཁྱབ་ཁོངས་ཀྱི་ཉེན་ཁར་དོགས་ཟོན་ནན་པོ་བྱ་དགོས་པ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་དང་ཉེན་ཁ་སེལ་བར་ཤུགས་བརྒྱག་དགོས། གཞུང་ལམ་འགྲིམ་འགྲུལ་དང་མེ་ཟོན། རྡོ་སོལ་མིན་པའི་གཏེར་རི། གྲོང་ཡུལ་གྱི་འབར་རླངས་སོགས་ལ་ཉེན་མེད་ལྟ་སྐུལ་དོ་དམ་བྱ་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཞིབ་ཚགས་སྤེལ་ནས་ལས་རེས་བརྟན་སྲུང་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་དང་། ཆ་འཕྲིན་སྐྱེལ་སྤྲོད་ཤར་གཏོང་ཐུབ་པ་བྱས་ནས་དེ་བས་ཏན་ཏིག་ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་བདེ་འཇགས་བརྟན་བརླིང་དང་ཉེན་ཁར་དོགས་ཟོན་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ། ཤུགས་ཡོད་རྒུས་ཞིང་ཆེན་དང་ཁུལ་གྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོག་པ་དང་། དཔྱིད་གསར་དུས་ཆེན་དང་བོད་ལོ་གསར་བརྟན་བརླིང་འཆམ་མཐུན་ཡོང་བར་ཁོར་ཡུལ་ཡག་པོ་བསྐྲུན་དགོས་ཞེས་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས2024ལོའི་སློབ་སྦྱོང་གྲོས་ཚོགས་ཐེངས་དང་པོ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།