ལེ་ཅན་ཕིང་གིས་གྲོས་འགོ་འདི་ལྟར་བཏོན་འདུག།

རྟ་མགྲིན་རྡོ་རྗེས་བསྒྱུར།        2024-01-25

ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལེ་ཅན་ཕིང་གིས་ས་བབ་མཐོ་བའི་གྲོང་ཁྱེར་དང་གྲོང་རྡལ་ལ་དྲོད་རླངས་དང་གསོ་རླུང་མཁོ་འདོན་ལ་རྒྱབ་སྐྱོར་གྱི་གྲོས་འགོ་བཏོན།


    སི་ཁྲོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་དཀར་མཛེས་ཁུལ་སྲིད་གྲོས་ཀྲུའུ་ཞི་ལེ་ཅན་ཕིང་གིས་དེ་རིང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ལྷག་པར་དུ་སྙན་ཞུའི་ནང་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་རླངས་དང་གསོ་རླུང་མཁོ་འདོན་བྱེད་པའི་ལས་གྲྭ་གཅིག་སྡུད་ཐོག་གོམ་སྟབས་བརྟན་པོས་ལག་བསྟར་བྱ་རྒྱུ་དེ་ངའི་གྲོས་འཆར་དང་ཧ་ཅང་འཚམ་པོ་འདུག། འདི་ནི་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་མཚོན་ན་དངོས་ནས་གཏམ་བཟང་ཞིག་རེད་ཅེས་གསུངས།


ལེ་ཅན་ཕིང་གིས་གྲོས་འགོ་འདི་ལྟར་བཏོན་འདུག།

ལེ་ཅན་ཕིང(གཡས་ཀྱི་གཉིས་པ)གིས་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་བརྟག་ཞིབ་གནང་བཞིན་པ། སེར་ཤུལ་རྫོང་གྲོང་གི་ས་བབ་མཐོ་ཚད་སྨི4100ཡན་ལ་ཟིན་པ་དང་སི་ཁྲོན་གྱི་ཆེས་ཐག་རིང་བའི་རྫོང་ཡིན་པ་རེད། 



ས་བབ་མཐོ་བའི་ས་ཁུལ་དུ་གསོ་རླུང་འདུས་ཚད་དམའ་བས་དྲོད་རླངས་དང་གསོ་རླུང་མཁོ་འདོན་གྱི་གནད་དོན་ཐག་གཅོད་པར་དགོས་གལ་ཆེ།


   ལེ་ཅན་ཕིང་ནི་དཀར་མཛེས་ཁུལ་གྱི་མི་རྣལ་མ་ཞིག་ཡིན་ལ། ས་གནས་དེ་ག་ནས་ལས་ཀ་དང་འཚོ་བ་བསྐྱལ་ནས་ལོ60ལྷག་འགོར། དུས་ཡུན་རིང་པོར་ལི་ཐང་རྫོང་དང་དཀར་མཛེས་རྫོང་སོགས་ས་བབ་མཐོ་བའི་ས་ཁུལ་དུ་ཡུན་རིང་ལས་ཀ་བསྒྲུབས་པས་ས་གནས་དེ་གའི་དཀའ་ཚེགས་ཆེ་བའི་ཁོར་ཡུག་ལ་རྒྱུས་མངའ་ལྷག་པར་ཆེ། ཁོང་གིས་དཀར་མཛེས་ཁུལ་གྱི་ཆ་སྙོམས་ས་བབ་སྨི3500ཡན་ལ་ཡིན་པ་དང་། ཁུལ་ཡོངས་ཀྱི་སྒྲིག་གཞི་ཚང་བའི་གྲོང་རྡལ93གྱི་ས་བབ་སྨི3000ཡན་བརྒྱ་ཆ64.5ལ་ཟིན་ཡོད་པ་རེད། གསེར་རྟ་རྫོང་དང་སེར་ཤུལ་རྫོང་། ལི་ཐང་རྫོང་བཅས་ཀྱི་རྫོང་གྲོང་གི་ས་བབ་མཐོ་ཚད་སྨི4000ལ་ཟིན་ཡོད། ཁུལ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ7.8ཡིན་པ་དང་དྲོད་ཚད་དམའ་ཤོས་གོར་ཐིག་མན་གྱི་ཏུའུ46ཡིན། ལོ་རེའི་ཆ་སྙོམས་རླུང་གི་གནོན་ཤུགསhpa750ལས་ཆུང་བ་ཡོད་པ་རེད། དཀར་མཛེས་ཁུལ་ནི་སི་ཁྲོན་གྱི་ས་བབ་ཆེས་མཐོ་ཤོས་དང་ནམ་ཟླའི་ཆ་རྐྱེན་ཆེས་ངན་ཤོས་ཀྱི་ས་ཆ་ཡིན་པ་རེད་ཅེས་ངོ་སྤྲོད་གནང་།

    ལེ་ཅན་ཕིང་གིས་སྣུམ་རླངས་ནུས་རྒྱུའི་རྟེན་གཞི་དང་རྒྱང་ཐག་རིང་བ་དང་། རི་བོ་མཐོ་ལ་ལམ་ཐག་རིང་རྐྱེན་རང་བྱུང་སོལ་རླངས་འཕེལ་རྒྱས་རྗེས་ལུས་ཡིན་པ་རེད། ལོ་ངོ་མང་པོའི་རིང་ལ་ཁུལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་ལྕི་བ་དང་བུད་ཤིང་སོགས་ལ་བརྟེན་ནས་ནུས་སྤྱོད་དང་དྲོད་ལེན་བྱེད་སྲོལ་ཆགས། དཀར་མཛེས་ཁུལ་གྱི་ཆ་སྙོམས་གསོ་རླུང་འདུས་ཚད་ཁྲེང་ཏུའུ་བདེ་ཐང་གི་བརྒྱ་ཆ50ནས་བརྒྱ་ཆ60ལས་མེད་པ་དང་། ལས་བྱེད་པ་དང་མང་ཚོགས་ཚོས་མཐོ་སྒང་གི་གྲང་ངར་ཆེ་བའི་ཁོར་ཡུག་ཏུ་ཡུན་རིང་ལས་ཀ་དང་འཚོ་བ་སྐྱེལ་གྱི་ཡོད་པས་ས་མཐོའི་རང་བཞིན་གྱི་སྙིང་ནད་དང་གློ་ཁུངས་རང་བཞིན་གྱི་སྙིང་ནད། གློ་བར་ཆུ་བསགས། ཀླད་པའི་ཆུ་སྐྲངས། ཐུམ་འབུའི་ནད། ལིང་ཏོག་སོགས་ས་མཐོའི་རང་བཞིན་གྱི་ན་ཚ་མང་ལ་ལས་བྱེད་པ་དང་མང་ཚོགས་མང་ཆེ་བའི་གཟུགས་པོ་དུས་ཡུན་རིང་པོའི་ནང་བདེ་ཐང་ཕལ་པའི་གནས་སུ་གྱར་པས་ས་མཐོའི་བདེ་ཐང་གསོ་རླུང་སྤྱོད་པའི་གནད་དོན་ཐག་གཅོད་པར་དགོས་གལ་ཆེ། 

ལེ་ཅན་ཕིང་གིས་གྲོས་འགོ་འདི་ལྟར་བཏོན་འདུག།

དཀར་མཛེས་ཁུལ་སྲིད་གྲོས་ལས་དོན་མི་སྣ་སྡེ་དགེ་རྫོང་ལ་འགྲོ་བའི་ལམ་བར།


    ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་ཚུན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སོལ་རླངས་དང་དྲོད་རླངས། གསོ་རླུང་བཅས་མཁོ་འདོན་གྱི་ནང་དོན་གཙོ་བོར་བྱེད་པའི“གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་གནས་འཚམ་པའི་འདུ་འགོད”ལག་ལེན་ཤུགས་ཆེན་བསྟར་ནས་སློབ་གསོ་འཕྲོད་བསྟེན་དང་རྒན་གསོ་བུ་གསོ་སོགས་སྒྲིག་གཞིའི་བསམ་ཕྱོགས་སྔོན་ལ་སྤེལ་བ་དང་། ཆ་རྐྱེན་ཞན་ཚད་དང་ཟུང་འབྲེལ་བྱས་ཏེ་ས་བབ་མཐོ་ཚད་སྨི3200དང་སྨི2900 དང་།     སྨི2600བཅས་སུ་བགོས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་དང་དྲོད་རླངས། གསོ་རླུང་བཅས་མཁོ་འདོན་གནད་དོན་གོ་རིམ་ལྡན་པའི་ངང་ཐག་བཅད་པ་རེད།

    “ཁུལ་ཡོངས་ཀྱིས་རྫོང(གྲོང་ཁྱེར)18ལ་སོལ་རླངས་མཁོ་འདོན་གྱི་ལས་གཞི་འཆར་འགོད་བྱས་ནས་མ་དངུལ་སྒོར་དུང་ཕྱུར11.1གཏང་རྩིས་ཡོད་པ་དང་། རྫོང(གྲོང་ཁྱེར)17ལ་དྲོད་རླངས་མཁོ་འདོན་གྱི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར་80.8གཏང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི691.6མང་དུ་གཏང་རྩིས་ཡོད་པ་རེད། རྫོང(གྲོང་ཁྱེར)15ཡིས་གསོ་རླུང་མཁོ་འདོན་གྱི་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར34གཏང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ལ་གསོ་རླུང་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི377.8མང་དུ་གཏང་རྩིས་ཡོད་པ་རེད། ལེ་ཅན་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དཀར་མཛེས་ཁུལ་ད་ཡོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་སོལ་རླངས་དང་དྲོད་རླངས། གསོ་རླུང་བཅས་མཁོ་འདོན་ཁེ་ལས་ཀྱིས་གློག་རིན་དེ་སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་གཞིར་བཟུང་ལག་བསྟར་བྱེད་ཀྱི་ཡོད། ཆ་སྙོམས་རིན་གོང་སྟོང་ཝ་ཆུ་ཚོད་རེར་སྒོར0.69ཡིན་པ་དེ་བོད་ལྗོངས་དང་མཚོ་སྔོན་གྱི་སྟོང་ཝ་ཆུ་ཚོད་རེར་སྒོར0.28ཙམ་གྱི་རིན་གོང་ལས་ཆེས་ཆེར་བརྒལ་ཡོད། 2022ལོའི་འཁོར་སྐྱོད་གནས་ཚུལ་ཕབ་རྩིས་བྱས་པར་གཞིགས་ན།  གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭའི་གློག་རིན“ཉི་ནུས་དང་གློག་ཐབ་ཟུང་འབྲེལ”ཟླ་རེར་སྒོར11.7/㎡ཡིན་པ་དང་མཁའ་རླུང་ཡོང་ཁུངས་ཀྱི་ཚ་ཕུམ་ལ་ཟླ་རེར་སྒོར6.6/㎡ཡིན་པ་རེད། གསོ་རླུང་མཁོ་འདོན་སྒྲིག་བཀོད་ཀྱི་གློག་རིན་ཟླ་རེར་སྒོར2.4/㎡ཡིན་པ་དང་གློག་སྤྱོད་མ་གནས་མཐོ་ལ་མང་ཚོགས་ཀྱི་དྲོད་རླངས་མཁོ་འདོན་མ་གནས་ཀྱི་བརྒྱ་ཆ77ལ་ཟིན་ནས་མང་ཚོགས་ “དགོས་མཁོ་ཆེ་ཡང་སྤྱོད་དཀའ་བའི”གནས་སུ་གྱར།  རྐྱེན་དེ་དག་གིས་ཆུ་ཚད་མཐོ་ཞིང་གཅིག་སྡུད་ཀྱི་སོལ་རླངས་དང་དྲོད་རླངས་མཁོ་འདོན་བྱེད་པ་ཁ་ཚ་དགོས་གཏུག་ཏུ་གྱུར།


ལེ་ཅན་ཕིང་གིས་གྲོས་འགོ་འདི་ལྟར་བཏོན་འདུག།

སེར་ཤུལ་རྫོང་གི་ལས་བྱེད་པའི་སྡོད་ཁང་།


སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁ་གསབ་གཟིགས་སྐྱོང་ལ་རེ་སྒུག་ཧ་ཅང་ཆེ།


    སི་ཁྲོན་ཞིང་ཆེན་གྱི་སྲིད་གཞུང་གི་ལས་དོན་སྙན་ཞུའི“གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”སྐོར་གྱི་རྣམ་བཤད་ཀྱི་ནང་ནས་ཨུ་ཡོན་ལེ་ཅན་ཕིང་གིས“གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་དུ་གཅིག་སྡུད་ཐོག་དྲོད་རླངས་དང་གསོ་རླུང་མཁོ་འདོན་བྱེད་པའི་འདུ་འགོད་བརྟན་པོའི་ངང་ལག་ལེནབསྟར་བ”ཞེས་པའི་ནང་དོན་མཐོང་བ་རེད།

ཁོང་གིས“དེ་སྔོན་ངས་བྲིས་པའི《གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་གྲོང་ཁྱེར་དང་གྲོང་རྡལ་ལ་སོལ་རླངས་དང་དྲོད་རླངས། གསོ་རླུང་བཅས་མཁོ་འདོན་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འགོ》ཞེས་པའི་གྲོས་གཞི་དེ་དང་ཧ་ཅང་འཚམ་པོ་འདུག། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆེད་དུ་སེམས་དགའ་པོ་བྱུང”ཞེས་བཤད།

     ལེ་ཅན་ཕིང་གིས་གྲོས་འཆར་གསུམ་བཏོན་པ་སྟེ། “གཅིག་ནི་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པར་སྲིད་གཞུང་གི་ཁ་གསབ་སྤྲོད་དགོས་པ་དེ་རེད།” ལེ་ཅན་ཕིང་གིས་གསུང་རྒྱུར། དུས་རབས་སྔོན་མའི་ལོ་རབས50པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཆིན་ཧོའེ་མཚམས་ཐིག”དེ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པའི་ས་མཚམས་སུ་བརྩིས་ནས་བྱང་ཕྱོགས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ལ་དྲོད་རླངས་མཁོ་འདོན་གྱི་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་བར་ཐག་གིས་བཅད། དཀར་མཛེས་ཁུལ་དེ“ཆིན་ཧོའེ་མཚམས་ཐིག”གི་ལྷོ་ངོས་སུ་གནས་ཀྱང་། ཁུལ་ནང་གི་གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་གྲོང་ཁྱེར་དང་གྲོང་རྡལ་དང་དྲོད་རླངས་མཁོ་འདོན་གྱི་ཁ་གསབ་སྲིད་ཇུས་རག་ཟིན་པའི་མཚོ་སྔོན་དང་བོད་ལྗོངས་སོགས་ས་ཁུལ་གྱི་ཆ་རྐྱེན་དང་འདྲ་བར་མ་ཟད། སེར་ཤུལ་རྫོང་དང་གསེར་རྟ་རྫོང་། འདབ་པ་རྫོང་སོགས་ཀྱི་ནམ་ཟླ་དེ་དྲོད་རླངས་མཁོ་འདོན་གྱི་ཁ་གསབ་གྲོང་ཁྱེར་ལས་ཀྱང་ཞན་པ་རེད། ཁོང་གིས་མཚོ་བོད་མཐོ་སྒང་གི་གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་དེ་དགུན་དུས་དྭངས་གཙང་དྲོད་ལེན་གྱི་རྒྱབ་སྐྱོར་ཁོངས་གཏོགས་སུ་བཅུག་ནས“ཆིན་ཧོའེ་མཚམས་ཐིག”བྱང་རྒྱུད་ཀྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་ཁུལ་གཞིར་བཟུང་ནས་དགུན་དུས་དྲོད་རླངས་མཁོ་འདོན་གྱི་སྲིད་གཞུང་གི་ཁ་གསབ་སྤྲོད་པའི་རེ་བ་བཏོན་པ་རེད།

   “གཉིས་ནི་སོལ་རླངས་དང་དྲོད་རླངས། གསོ་རླུང་བཅས་མཁོ་འདོན་ལ་གློག་རིན་གཟིགས་སྐྱོང་གནང་དགོས་པ་དེ་རེད།” ལེ་ཅན་ཕིང་གིས་ངོ་སྤྲོད་གནང་བ་ལྟར་ན།2019ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་དྭངས་གཙང་དྲོད་ལེན་གློག་རིན་དེ་སྟོང་ཝ་ཆུ་ཚོད་རེར་སྒོར0.26ནས-0.28བར་ཆག་ནས་མང་ཚོགས་ཀྱི་དྲོད་རླངས་མཁོ་འདོན་གྱི་མ་གནས་ཆེས་ཆེར་ཆུང་དུ་བཏང་བ་རེད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་རང་བྱུང་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་རྨང་གཞི་མཚོ་སྔོན་ཞིང་ཆེན་དང་གཅིག་མཚུངས་ཡིན་པར་དམིགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བྱ་ཐབས་གཞིར་བཟུང་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་ས་མཐོའི་གྲང་ངར་ཆེ་བའི་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་ཐོག་རང་བྱུང་སོལ་རླངས་དང་དྲོད་རླངས། གསོ་རླུང་བཅས་མཁོ་འདོན་དང་གློག་རིན་གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་ཏེ་གྲོང་ཁྱེར་དང་གྲོང་རྡལ་དུ་དྲོད་རླངས་དང་གསོ་རླུང་མཁོ་འདོན་གྱི་གློག་རིན་དེ་ཐོན་ཁུངས་དང་དམངས་འཚོའི་ཐད་སྤྱོད་པའི་གློག་རིན་སྟོང་ཝ་ཆུ་ཚོད་རེར་སྒོར0.39ཡི་ཚད་གཞི་ལྟར་ལག་ལེན་བསྟར་ནས་གློག་སྤྱོད་མ་གནས་ནུས་ལྡན་ངང་དམའ་རུ་བཏང་སྟེ་ལས་བྱེད་པ་དང་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏང་དགོས།

   “གསུམ་ནི་ལས་གཞི་འཛུགས་སྐྲུན་དང་ནུས་སྲི་བསྒྱུར་བཀོད་ལ་རྒྱབ་སྐྱོར་བྱ་དགོས་པ་དེ་རེད།” ལེ་ཅན་ཕིང་གིས་གསུང་རྒྱུར། འབྲེལ་ཡོད་ཡིག་ཆའི་ནང་གི“གྲང་ངར་ཆེ་བའི་ས་ཁུལ་གྱི་རྫོང(གྲོང་ཁྱེར)ལ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པའི་སྒྲིག་ཆས་འཛུགས་པར་སྐུལ་འདེད་གཏང་དགོས”ཞེས་པའི་བླང་བྱ་གཞིར་བཟུང་ནས། དཀར་མཛེས་ཁུལ་གྱིས2030ལོར་བསླེབ་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་རྒྱུ་གཙང་མ་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི691.6དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གསོ་རླུང་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི377.76མང་དུ་གཏང་རྒྱུའི་འཆར་བཀོད་ཡོད་པ་རེད། འཛུགས་སྐྲུན་མ་དངུལ་གྱི་སྤྱིའི་དགོས་མཁོ་སྒོར་དུང་ཕྱུར125.9ཟིན་ཞིང་དྲོད་རླངས་དང་གསོ་རླུང་མཁོ་འདོན་བྱེད་པར་སྤྱི་པའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི691.6ལ་ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར19.66དགོས་པས་ཁུལ་དང་རྫོང་ནོར་སྲིད་ཀྱིས་ཆ་ཚང་སྒྲིག་པར་དཀའ་ངལ་ཧ་ཅང་ཆེ། ཀྲུང་དབྱང་གི་སྔོན་རྩིས་མ་འཇོག་དང་ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་སོགས་ཀྱི་རྒྱབ་སྐྱོར་དང་། དེ་བཞིན་ཨར་ལས་ནུས་རྒྱུ་བསྲི་ཚགས་དང་དྲོད་སྲུང་སྒྱུར་བཀོད་ཀྱི་ཁ་གསབ་སྲིད་ཇུས་དང་མ་དངུལ་ཐད་གཟིགས་སྐྱོང་གནང་རྒྱུའི་རེ་ཞུ་བྱས།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཉེན་མེད་བརྟན་བརླིང་དང་ནགས་རྩྭའི་མེ་ཟོན་ལས་དོན་གྱི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།