རང་ཁུལ་གྱི་རྒྱ་བོད་ལུགས་གསོ་རིག་ཐོན་ལས་ལ་གྲུབ་འབྲས་འདི་འདྲ་ཐོབ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2024-01-12

     ཉེ་ཆར། དཀར་མཛེས་ཁུལ་དཔལ་འབྱོར་ཆ་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་རྒྱ་བོད་ལུགས་གསོ་རིག་སྨན་རྫས་འདེབས་འཛུགས་གཞི་ཁྱོན་ཆེ་རུ་བཏང་ནས་རྒྱ་བོད་ལུགས་གསོ་རིག་གི་སྨན་རྒྱུ་ལས་སྣོན་དང་བོད་སྨན་ཁམས་གསོའི་ཞབས་ཞུའི་ལས་རིགས་སྟོབས་ཆེར་བཏང་སྟེ2023ལོར་ཁུལ་ཡོངས་ཀྱི་རྒྱ་བོད་ལུགས་གསོ་རིག་ཐོན་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར20ཡི་འགག་སྒོ་ཆེན་མོ་ལས་ཐེངས་དང་པོ་བརྒལ་བ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར21.28ལ་ཟིན་པ་རེད། རྒྱ་བོད་ལུགས་གསོ་རིག་ཐོན་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱུང་ནས་དཀར་མཛེས་ཁུལ་རྒྱ་བོད་ལུགས་གསོ་རིག་ཐོན་ལས་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་སྔ་ནུར་དུ་ལེགས་འགྲུབ་བྱུང་བ་རེད།

རང་ཁུལ་གྱི་རྒྱ་བོད་ལུགས་གསོ་རིག་ཐོན་ལས་ལ་གྲུབ་འབྲས་འདི་འདྲ་ཐོབ།
 རྒྱ་བོད་ལུགས་གསོ་རིག་སྨན་རྒྱུ་ལྕུམ་རྩྭ་འདེབས་འཛུགས་རྟེན་གཞི།

   《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྒྱ་བོད་ལུགས་གསོ་རིག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་འཆར་འགོད》ནང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་དཀར་མཛེས་ཁུལ་རྒྱ་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་ཕྱོགས་བསྡུས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར20ཡན་ལ་ཟིན་པར་བྱ་དགོས་ཞེས་བཏོན་ཡོད། འབྲས་བུ་འདི་དག་ནི་ བྱ་ཐབས་ནུས་ལྡན་རབ་དང་རིམ་པ་དང་འགན་ལེན་ལ་འབྲལ་ཐབས་མེད་པ་ཞིག་རེད།

   ཐོན་ལས་ཀྱི་རྨང་གཞི་སྔར་ལས་བརྟན་དུ་བཏང་། འདེབས་འཛུགས་ཁེ་ལས་བསྡུས་ཏེ་རྒྱ་བོད་ལུགས་གསོ་རིག་སྨན་རྒྱུ་འདེབས་འཛུགས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་དྲྭ་ཐོག་དང་དྲྭ་ཕྱི་ནས་གསོ་སྦྱོང་བྱས་ནས་ལེགས་ཆ་ཡོད་པ་དང་ཐུན་ཁུངས་འཁྲུལ་མེད་ཀྱི་སྨན་རྒྱུ་ལེགས་འདེམས་བྱས་ཏེ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་སྨན་རྒྱུ་འདེབས་འཛུགས་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་བཏང་། ད་སྔར་དཀར་མཛེས་ཁུལ་གྱི་མུའུ་ཁྲི་ཡི་འདེབས་འཛུགས་རྟེན་གཞི2དང་། མུའུ5000གི་འདེབས་འཛུགས་རྟེན་གཞི5དང་།     མུའུ2000གི་འདེབས་འཛུགས་རྟེན་གཞི6བཅས་བསྐྲུན་ཟིན་ནས་ཁུལ་ཡོངས་ཀྱི་རྒྱ་བོད་ལུགས་གསོ་རིག་གི་སྨན་རྩྭའི་རྟེན་གཞིའི་གཞི་ཁྱོན་མུ་མཐུད་དེ་མུའུ་ཁྲི10ལ་ཟིན་ཡོད་པ་རེད།

   ཐོན་ལས་འབྲེལ་ཐག་སྔར་བས་ཤུགས་ཆེར་བཏང་། ཁེ་ལས་ཀྱི་དཀའ་སེལ་སྲིད་ཇུས་གསེད་བཀྲོལ་དང་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་།《དཀར་མཛེས་ཁུལ་ཁུལ་རིམ་པའི་ནོར་སྲིད་བྱ་དགའི་ཁ་གསབ་བྱ་ཐབས》དང《དཀར་མཛེས་ཁུལ་རྒྱ་བོད་ལུགས་གསོ་རིག་སྨན་རྒྱུ་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་བྱ་ཐབས་དོན་ཚན་བཅུ་གསུམ》དང་ཟུང་འབྲེལ་བྱས་ཏེ་ཁུལ་ཡོངས་ཀྱི་རྒྱ་བོད་ལུགས་གསོ་རིག་སྨན་རྒྱུ་ལས་སྣོན་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། སྨན་རྒྱུ་ལས་སྣོན་ཁེ་ལས་གཙོ་གནད་དུ་བཟུང་ནས་ཐོན་སྐྱེད་ལས་སྣོན་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་པོའི་རང་བཞིན་ཆེ་རུ་བཏང་ནས་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་བཏང་བ་དང་སྤུས་ཚད་ནུས་ལྡན་ངང་མཐོ་རུ་བཏང་། 

རང་ཁུལ་གྱི་རྒྱ་བོད་ལུགས་གསོ་རིག་ཐོན་ལས་ལ་གྲུབ་འབྲས་འདི་འདྲ་ཐོབ།
 སྡེ་དགེ་རྫོང་སར་བོད་སྨན་ལས་སྣོན་ཁང་།

   ཐོན་ལས་ཞབས་ཞུ་སྔར་བས་ལེགས་སུ་ཕྱིན་པ། ཁུལ་ཡོངས་ཀྱི་རྒྱ་བོད་ལུགས་གསོ་རིག་བརྒྱུད་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་སྲུང་སྐྱོང་དང་གསར་གཏོད་མཉམ་སྤྱོད་མཐའ་འཁྱོངས་བྱས། “སྨན་དང་ཡུལ་སྐོར་མཉམ་འདྲེས”ཡག་པོ་བྱས་ནས་བདེ་ཐང་ཡུལ་སྐོར་མྱོང་རོལ་ལྟེ་གནས་དང་རྒྱ་ལུགས་གསོ་རིག་སྨན་རྫས་བདེ་ཐང་ཡུལ་སྐོར་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་བཏང་། ལྕགས་ཟམ་རྫོང་གི“ཧྥན་ཚང་གི་རྒྱ་བོད་ལུགས་སྨན་གསོ་ཐབས”དང་གསེར་རྟ་རྫོང་གི“བོད་ཀྱི་སྲོལ་རྒྱུན་ལུམས”   སེར་ཤུལ་རྫོང་གི“འཇུ་མི་ཕམ་བོད་སྨན”  ལི་ཐང་རྫོང་གི“རྣམ་སྲས་རྒྱ་འཕེལ་བོད་སྨན”བཅས་སི་ཁྲོན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་དྲུག་པའི མིང་གཞུང་ནང་ཚུད་ཡོད་པ་རེད།


  • ལེ་ཚན་སྔོན་མ།:རྫ་མའི་ཇ་སྣོད་འདི་ཚོ་ལ་རིག་གནས་ཀྱི་བྲོ་བ་ཡོད།
  • ལེ་ཚན་རྗེས་མ།:བྲག་མགོ་རྫོང་དུ་དཔེ་ཀློག་བགོས་རོལ་འདུ་འཛོམས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།