བྲག་མགོ་རྫོང་དུ་དཔེ་ཀློག་བགོས་རོལ་འདུ་འཛོམས་བྱེད་སྒོ་སྤེལ།

ལོ་ཤུལ་བཀྲ་ནོར། པར་བ་རིག་འཛིན་ནོར་བུ། ཚུལ་བློ།        2024-01-12

   བྲག་མགོ་རྫོང་དུ་དཔེ་ཀློག་བགོས་རོལ་འདུ་འཛོམས་བྱེད་སྒོ་སྤེལ།

   ཉེ་ཆར། བྲག་མགོ་རྫོང་ཏེ་པ་དཔེ་མཛོད་ཁང་དུ་སྣང་གསལ་དཔེ་ཀློག་བགོས་རོལ་འདུ་འཛོམས་བྱེད་སྒོ་སྐབས་གསུམ་པ་སྤེལ།བྱེད་སྒོ་འདི་ནི་སྣང་གསལ་དཔེ་ཀློག་ཚང་གིས་རྩ་འཛུགས་བྱས་ཤིང་ས་གནས་ཀྱི་ཤེས་ཡོན་པ་དག་དཔེ་ཀློག་གི་འཚོ་བར་དགའ་ཞིང་དཔེ་ཀློག་གི་འཚོ་བར་དད་འདུན་ཡོད་པའི་ཚོགས་སྤྱི་ཞིག་ཏུ་ཆགས་ཐུབ་ན་མ་འོངས་པར་ས་གནས་སློབ་གསོ་དང་རིག་གནས། དཔལ་འབྱོར་སོགས་གང་ཅིའི་ཐད་ལ་ཕན་པ་ཡོད་པའི་མི་སྣ་རེ་འབྱུང་ཐུབ་པར་དགོངས་ཏེ། ཀློག་པ་པོ་མང་པོ་ཞིག་གིས་མི་ཁོམ་པ་རྒྱབ་ཏུ་བསྐྱུར། ཁོམ་པ་དང་དུ་བླངས་ནས་རང་སྡེ་ནས་དཔེ་ཀློག་ལ་དགའ་མོས་ཡོད་མཁན་དག་ནས་མགོ་བརྩམས་ཏེ་དཔེ་ཀློག་གི་མཁའ་དབུགས་གསར་བའི་སྡིངས་ཆ་འདི་བསྐྲུན་རྒྱུའི་དམིགས་ཡུལ་བཅིངས་ཏེ་སྤེལ་བ་ཡིན། 

བྲག་མགོ་རྫོང་དུ་དཔེ་ཀློག་བགོས་རོལ་འདུ་འཛོམས་བྱེད་སྒོ་སྤེལ།
བྲག་མགོ་རྫོང་དུ་དཔེ་ཀློག་བགོས་རོལ་འདུ་འཛོམས་བྱེད་སྒོ་སྤེལ།
བྲག་མགོ་རྫོང་དུ་དཔེ་ཀློག་བགོས་རོལ་འདུ་འཛོམས་བྱེད་སྒོ་སྤེལ།
བྲག་མགོ་རྫོང་དུ་དཔེ་ཀློག་བགོས་རོལ་འདུ་འཛོམས་བྱེད་སྒོ་སྤེལ།

    གཅིག འདིར་ཆེད་དུ་གདན་ཞུའི་སྐུ་མགྲོན་བོས་ཏེ་དཔེ་ཀློག་དང་འབྲེལ་དེ་ཕ་ཡུལ་གྱི་ན་གཞོན་དང་ཤེས་ཡོན་པ་མང་པོ་ཞིག་ལ་དཔེ་དེབ་ཀྱི་ཤེས་བྱ་ཁྲིད་སྟོན་དང་དཔེ་ཀློག་གི་ཐད་ལ་རེ་བ་དང་འབོད་སྐུལ་བཏང་།

   གཉིས། སྣང་གསལ་དཔེ་ཀློག་གི་དཔེ་ཀློག་པ་པོ་འགས་ཆེད་རང་ཉིད་ཀྱི་བཀླགས་པའི་དཔེ་དེབ་ཀྱི་ཤེས་བྱ་བགོས་རོལ་བྱས་ཏེ་དཔེ་ཀློག་གི་ལམ་ཁར་གོམ་ཁ་ཕྱོགས་བཞིན་པའི་སློབ་སྦྱོང་བ་དག་ལ་དྲན་སྐུལ་དང་བློ་སྐྱེད་ཆེན་པོ་ཐོབ། 

བྲག་མགོ་རྫོང་དུ་དཔེ་ཀློག་བགོས་རོལ་འདུ་འཛོམས་བྱེད་སྒོ་སྤེལ།
བྲག་མགོ་རྫོང་དུ་དཔེ་ཀློག་བགོས་རོལ་འདུ་འཛོམས་བྱེད་སྒོ་སྤེལ།

   གསུམ། འདས་པའི་ལོ་ངོ་གཅིག་གི་རིང་ལ་སྣང་གསལ་དཔེ་ཀློག་ཚོགས་པའི་བཀོད་སྒྲིག་དང་འཆར་གཞི་ལྟར་དུ་ཟླ་བ་རེ་རེ་བཞིན་ཀློག་པ་སོ་སོའི་དཔེ་ཀློག་གི་གྲངས་ཀ་ཐོ་འགོད་བྱས་ཏེ་དཔེ་ཀློག་གི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་ལྟར་དུ་ལོ་འདིའི་ནང་གི་དཔེ་ཀློག་པ་ཕུལ་བྱུང་སོ་སོར་བྱ་དགའ་གནང་།

  བཞི། མཇུག་ཏུ་སྣང་གསལ་དཔེ་ཀློག་གི་ལས་འཛིན་པས་བྱེད་སྒོ་ལ་ཕྱོགས་བསྡོམས་དང་མ་འོངས་པའི་རེ་བ་དང་འབོད་སྐུལ་གནང་དེ་དཔེ་ཀློག་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་མཇུག་གྲོལ།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་རྒྱ་བོད་ལུགས་གསོ་རིག་ཐོན་ལས་ལ་གྲུབ་འབྲས་འདི་འདྲ་ཐོབ།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།