​ད་ལྟ་སྨན་ཉོ་སར་འགྲོ་དུས་ངོ་བཤེར་ན་ཆོག་གི་འདུག།

སྐལ་ཐུབ་ཀྱིས་བསྒྱུར།        2024-01-11

    སྤྱི་ཟླ་དང་པོའི་ཚེས3ཉིན་ལ། དར་མདོ་རུན་ཁང་སྨན་ཚོང་ཁང་དུ་དར་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་པ་བུད་མེད་དབྱང་ལགས་ཀྱིས་ངོ་བཤེར་ནས་སྨན་ཉོ་བཞིན་འདུག། མོས་འཛུམ་དམུལ་དམུལ་གྱི་སྒོ་ནས་གསར་འགོད་པར་ལག་ཁྱེར་ཁ་པར་ནས་སྨན་བཅོས་ཉེན་སྐྱོབ་ཀྱི་གློག་རྡུལ་དཔང་འཛིན་སྤྲོད་མི་དགོས་ལ། སྤྱི་ཚོགས་འགན་སྲུང་བྱང་བུ་ཡང་སྤྲད་དགོས་མི་འདུག། རང་གི་ངོ་བཤེར་བ་ཙམ་གྱིས་སྨན་ཉོ་ཆོག་གི་འདུག། ངོ་མ་སྟབས་བདེ་པོ་རེད་ལ་ཉེན་ཁ་ཡང་མི་འདུག་ཅེས་བཤད་བྱུང་།

​ད་ལྟ་སྨན་ཉོ་སར་འགྲོ་དུས་ངོ་བཤེར་ན་ཆོག་གི་འདུག།

   2023ལོའི་ཟླ་བ4པ་ནས་རང་ཁུལ་སྨན་བཅོས་ཉེན་སྐྱོབ་ཁོངས་གཏོགས་ཀྱིས་མངའ་ཁོངས་སུ་ཡོད་པའི་སྨན་བཅོས་ཉེན་སྐྱོབ་དམིགས་འཛུགས་སྨན་བཅོས་ལས་ཁུངས་ལ་སྨན་བཅོས་ཉེན་སྐྱོབ་ལས་སྒོ་ཕྱོགས་འདུས་ཞབས་ཞུའི་བཀོལ་སྤྱོད་བསྒྲིགས་སྣེ་ཏེ་ངོ་བཤེར་དབྱེ་འབྱེད་སྒྲིག་ཆས་སྤྱོད་པ་ཁྱབ་གདལ་བཏང་སྟེ། སྨན་བཅོས་ཉེན་སྐྱོབ་ཀྱི་ཨང་རྟགས་དང་ཟུང་དུ་སྦྲེལ་ནས་ངོ་བཤེར་རྩིས་ཞུ་ཆོག་པ་ལམ་ལྷོང་བྱུང་བ་དང་། ཉེན་སྐྱོབ་ཏུ་ཞུགས་མཁན་ཚོའི་སྨན་སྟེན་སྨན་ཉོའི་དུས་ཚོད་ཆེས་ཆེར་བསྟུངས་པ་དང་འབྲེལ་སྨན་བཅོས་ཉེན་སྐྱོབ་ཀྱི་རྩིས་ཞུའི་ལས་ཕྱོད་ཆེ་རུ་ཕྱིན་ཡོད་པ་རེད།

    ད་ལྟ་ངོ་བཤེར་ནས་སྨན་ཉོ་ཆོག་པས་སྨན་བཅོས་ཉེན་སྐྱོབ་བྱང་བུ་ཁུར་རྒྱུ་བརྗེད་པ་དང་གསང་གྲངས་བརྗེད་སོང་བ་ཡིན་ན་ཡང་སྐྱོན་མི་འདུག་ཅེས་རུན་ཁང་སྨན་ཚོང་ཁང་གི་ལས་སྒྲུབ་པ་ཚེ་སྒྲོལ་གྱིས་དེ་ལྟར་བཤད།

​ད་ལྟ་སྨན་ཉོ་སར་འགྲོ་དུས་ངོ་བཤེར་ན་ཆོག་གི་འདུག།
སྨན་ཉོ་མཁན་གྱིས་ངོ་བཤེར་ནས་སྨན་ཉོ་བཞིན་པ།

    ཁུལ་སྨན་བཅོས་འགན་སྲུང་ཅུས་གྲངས་གཞི་ཆེན་མོ་ཁང་གི་མགོ་གཙོ་ཏོན་ཞང་ཁྲུན་གྱིས་འདི་འདྲ་བྱེད་དུས་མང་ཚོགས་ཀྱི་སྨན་ཉོ་བར་སྟབས་བདེར་ཡོང་ཐུབ་ལ། མིང་གཡར་ནས་སྨན་སྟེན་ས་འགྲོ་བ་དང་སྨན་བཅོས་ཉེན་སྐྱོབ་བྱང་བུ་བརྐུས་ནས་སྤྱོད་པ་སོགས་ཁྲིམས་འགལ་བྱ་སྤྱོད་ཀྱང་བཀག་ཐུབ་པ་རེད། སྨན་བཅོས་འགན་སྲུང་ཐེབས་རྩ་ཉེན་མེད་ཡོང་བ་སྲུང་ཐུབ་ལ་མི་སེར་ཚོའི་དངུལ་ཁུག་ཀྱང་བསྲུངས་ཐུབ་ཅེས་བཤད་པ་རེད།

    བསྡོམས་རྩིས་ལས་མངོན་པ་ལྟར་ན།2023ལོའི་ལོ་མཇུག་བར་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་དམིགས་འཛུགས་སྨན་རྫས་ལས་ཁུངས172ལ་ངོ་བཤེར་ནས་སྨན་རིན་རྩིས་ཞུ་ཆོག་པའི་བྱེད་ནུས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་སྔོན་ཐོན་མི་སྒེར་འཐུས་ཚབ་བཞུགས་མོལ་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།