ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་ཏང་འཛུགས་སྣེ་ཁྲིད་ལ་ཤུགས་བརྒྱབ་ནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2024-01-08

ཉེ་བའི་ལོ་ཤས་རིང་། ཏང་འཛུགས་ལས་དོན་དེ་ལས་སྒོ་འཕེལ་རྒྱས་དང་དོ་དམ་ཁྲོད་ཁྱབ་པ་དང་ཏང་འཛུགས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་ཆེད། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་བསམ་བློ་འཛུགས་སྐྱོང་གི་ལས་དོན་རབ་དང་རིམ་པ་སྤེལ་ནས་ཏང་འཛུགས་གཞུང་ཕྱོགས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་བ་རེད།

ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་ཨང་དང་པོར་བཞག་ནས་དུས་བཀག་ལྟར་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་སློབ་སྦྱོང་བྱས་ཐོག་ཏང་མིས་ཚོགས་འདུའི་ཐོག་བསམ་བློ་མྱོང་ཚོར་བཤད་པ་དང་ཤུགས་ཡོད་རྒུས་ཏང་མིའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་ཆབས་ཅིག་ཕྱི་ཕྱོགས་ལ་ཞིང་ལས་དངུལ་ཁང་གི་ཁེ་ལས་ཀྱི་རྣམ་པ་བཟང་པོ་དྲིལ་བསྒྲགས་བྱ་ཆེད། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་རིག་གནས་ཀྱི་རྨང་གཞི་ངེས་ཅན་ལྡན་པའི་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ《དཀར་མཛེས་ཉིན་རེའི་ཚགས་པར》དང་།《སི་ཁྲོན་ཉིན་རེའི་ཚགས་པར》《ཀྲུང་གོ་གྲོང་ཡུལ་དངུལ་རྩའི་ཚགས་པར》《བསམ་དཔལ་ཚགས་པར》སོགས་རིམ་ཁག་འཕྲིན་སྦྱོར་ལས་སྟེགས་སུ་རྩོམ་ཡིག་སྤེལ་ནས་ཞིང་ལས་དངུལ་ཁང་གི“ཞིང་གསུམ”ཞབས་འདེགས་དང་།ཞབས་འདེགས་ཆུང་ངུ་། ཡུལ་སྡེ་དར་རྒྱས་གཏོང་རོགས་བཅས་ཀྱི་ཉམས་མྱོང་བཟང་པོ་དང་གྲུབ་འབྲས་བཟང་པོ་བརྒྱུད་བསྒྲགས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་རིགས་གཞུང་སྒྲོག་འགྲེལ་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།