ལོ་གསར་གུང་གསེང་ལ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི16.9ལ་སྣེ་ལེན་བྱས།

བདེ་ཆེན་གྱིས་བསྒྱུར།        2024-01-03

   ལོ་གསར་གུང་གསེང་ལ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི16.9ལ་སྣེ་ལེན་བྱས།

   2024ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན། གསར་འགོད་པས་དཀར་མཛེས་ཁུལ་རིག་གནས་དང་རྒྱང་བསྒྲགས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་དོན། 2023ལོའི་ཟླ་བ12པའི་ཚེས30ཉིན་ནས2024ལོའི་ཟླ་བ་དང་པོའི་ཚེས1ཉིན་བར། དཀར་མཛེས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི16.9342ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར1.862762ལ་ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ39.32དང་བརྒྱ་ཆ39.21སོ་སོར་འཕར་ཡོད། ཁུལ་ཡོངས་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱིས་ཁྲི5.2264ལ་སྣེ་ལེན་བྱས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ123.1འཕར་བ་དང་ཁུལ་ཡོངས་ཀྱི་སྣེ་ལེན་བསྡོམས་འབོར་གྱི་བརྒྱ་ཆ30.86བཟུང་ཡོད། དེའི་ནང་དུང་དཀར་ལུང་པའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.592ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི24.61རག།   ཉི་སྟེན་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་0.0779ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི2.84རག་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ49.52དང་བརྒྱ་ཆ1846.5སོ་སོར་འཕར་ཡོད། བརྒྱ་རྒྱུད་བོད་གྲོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.195ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི0.645རག་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ83.1འཕར་བ་དང་བརྒྱ་ཆ3.52ཆག་ཡོད། ལྕགས་ཟམ་ཁ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.8931ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི6.53རག་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ286.46དང་བརྒྱ་ཆ83.52འཕར་ཡོད། མི་རྒོད་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.3978ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི15.37རག་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ111.37དང་བརྒྱ་ཆ51.96སོ་སོར་འཕར་ཡོད། གསེག་རི་སྤྱི་གླིང་གིས་ཡུལ་སྐོར་བ་ཁྲི0.3499ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི10.57རག་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ73.73དང་བརྒྱ་ཆ58.47སོ་སོར་འཕར་ཡོད། གཞན་ཡང་ལི་ཐང་གི་བོད་གྲོང་སྟོང་སྡེ་དང་སྡེ་དགེ་པར་ཁང་།ལྕགས་ཟམ་ཁའི་གླང་རྒྱབ་སྒང་བཅས་ལྗོངས་ཁུལ་ཁག་གཅིག་ཏུ་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་བརྒྱ་ཆ200ཡན་ཆད་ལ་ཟིན་པ་རེད།

ལོ་གསར་གུང་གསེང་ལ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི16.9ལ་སྣེ་ལེན་བྱས།

    དུས་ཐུང་གུང་གསེང་རིང་ཁུལ་ཡོངས་སུ་ཡུལ་སྐོར་བདེ་འཇགས་ཀྱི་ལས་འཛོལ་དང་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་གི་དོན་རྐྱེན་ཐོན་མེད་པས། རིག་གནས་ཡུལ་སྐོར་ཁྲོམ་ར་སྒྲིག་ལམ་ལྡན་པ་རེད། ཁུལ་དང་རྫོང་(གྲོང་ཁྱེར)རིམ་པ་གཉིས་ཀྱི་གུང་གསེང་ཡུལ་སྐོར་ཁོངས་མིའི་ཚན་པས་ཀྲུང་དབྱང་དང་ཞིང་ཆེན།ཁུལ་བཅས་ཀྱིས་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་གི་ཡུལ་སྐོར་སྣེ་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རིག་གནས་ཡུལ་སྐོར་དང་སྤྱི་བདེ་འགྲིམ་འགྲུལ།འགྲིམ་འགྲུལ་གཞུང་ལམ།འཕྲིན་གཏོང་།གློག་མཁོ་འདོན་བཅས་སྡེ་ཚན་གྱི་མི་སྣ་ལས་གནས་སུ་ཞུགས་ནས་ཡུལ་སྐོར་སྣེ་ལེན་གྱི་དུས་བབ་འགྱུར་ལྡོག་ལ་དམ་པོར་དམིགས་ནས་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཏེ། སྒོ་མ་ཕྱེ་བའི་ས་ཁོངས་ལ་དོ་དམ་ཚོད་འཛིན་དང་། རིག་གནས་དང་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཁུལ་ཡོངས་ཀྱི་ཡུལ་སྐོར་དང་བླངས་ཞབས་ཞུའི་ས་ཚུགས72ཀྱིས་ཡུལ་སྐོར་བར་ལམ་ཐིག་བློ་འདྲི་དང་མགྲོན་ཁང་མངག་ཉོ། ཆུ་ཚ་པོ་མཁོ་འདོན། འཚུབ་བསྟུན་རོགས་སྐྱོབ་བཅས་ཀྱི་ཞབས་ཞུ་ཡག་མོ་བྱས་པ་རེད།།

ལོ་གསར་གུང་གསེང་ལ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི16.9ལ་སྣེ་ལེན་བྱས།
ལོ་གསར་གུང་གསེང་ལ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི16.9ལ་སྣེ་ལེན་བྱས།

  • ལེ་ཚན་སྔོན་མ།:ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༢
  • དོ་སྣང་ཆེ་བའི་རྩོམ།