བདེ་ཆེན་གྱིས་བསྒྱུར། 2023-12-28
ཉེ་ཆར།ཧང་ཞིན་ཅིང་མྱུར་བགྲོད་གཞུང་ལམ་ཧྥུ་དབྱང་ནས་བབས་སའི་ཐོན་སྒོར་ཧྥུ་དབྱང་ཆུས་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།ཆུས་སྤྱི་ཚོགས་རིམ་གྲལ་མི་སྣ་མཉམ་འབྲེལ་ཚོགས་པ་གསར་པའི་འབྲེལ་ཡོད་འགན་འཁུར་བས་ཧྥུ་དབྱང་ཆུས་ཀྱི་ནུབ་རྒྱུད་སློབ་སྐྱོར་ལེགས་སྐྱེས་སྦྱིན་མཁན་ཚོགས་པ་ཚུར་ལོག་པར་མེ་ཏོག་ཕུལ་བ་དང་གུས་འདུད་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ལས་གཞི་དེ་ཧྥུ་དབྱང་ཆུས་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཧྥུ་དབྱང་ཆུས་སྡེ་ཚོགས་ཨུ་ལྷན།ཆུས་འཕེལ་བསྒྱུར་ཅུས།ཧྥུ་དབྱང་ཆུས་དམངས་སྲིད་ཅུས།ཧྥུ་དབྱང་ཆུས་སློབ་གསོ་ཅུས།ཧྥུ་དབྱང་ཆུས་ཁྲང་ཨན་གྲོང་རྡལ་སྲིད་གཞུང་བཅས་ཀྱིས་མཛུབ་ཁྲིད་དང་།ཧྥུ་དབྱང་ཆུས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་ཧྥུ་དབྱང་ཆུས་སྤྱི་ཚོགས་རིམ་གྲལ་མི་སྣ་མཉམ་འབྲེལ་ཚོགས་པ་གསར་པ། ཧྥུ་དབྱང་ཆུ་ཐིགས་སྤྱི་ཕན་ཚོགས་པ་བཅས་ཀྱིས་མཉམ་དུ་གཉེར་ཞིང་།ཧྥུ་དབྱང་ཉིན་རེའི་ཚགས་པར་ཁང་དང་ཧྥུ་དབྱང་ཆུས་འཕྲིན་སྦྱོར་ལྟེ་གནས།ཧྥུ་དབྱང་ཆུས་གསོ་རིག་སློབ་ཚོགས།ཧྥུ་དབྱང་ཆུས་སྤྱི་པའི་ཚན་རིག་ཁྱབ་གདལ་ཞིབ་འཇུག་ལྟེ་གནས། ཉིའུ་ཨེན་ཐའེ་མཁའ་རླུང་ཀྲེ་ཅང་གཉེར་སྐྱོང་ལྟེ་གནས་བཅས་ཀྱིས་གཉེར་རོགས་བྱས་པ་རེད།
ད་ཐེངས་ཀྱི་ལག་བསྟར་ཚོགས་པ་ནི་ཧྥུ་དབྱང་གི་ཆུ་ཐིགས་སྤྱི་ཕན་དང་ཧྥུ་དབྱང་ཆུས་སྤྱི་ཚོགས་རིམ་གྲལ་མི་སྣ་མཉམ་འབྲེལ་ཚོགས་པ་གསར་པ།ཐེན་ཅིན་གྱི་ཆུ་ཐིགས་སྤྱི་ཕན་བཅས་ལས་གྲུབ་པ་དང་།དུས་ཡུན་ཉིན10ཡི་རིང་སྒེར་འཁོར་བཏང་ནས་ལམ་ཐག་སྤྱི་ལེ7000ཙམ་བསྐྱོད་དེ་སྡེ་དགེ་རྫོང་གི་ཡོ་པ་སློབ་ཆུང་དང་ཕུ་མ་སློབ་ཆུང་།ཨོ་གུར་སློབ་ཆུང་། ཞེ་ཆེན་སློབ་ཆུང་། ཨ་ཕྱུག་སློབ་ཆུང་སོགས་སློབ་གྲྭ5ལ་སློབ་སྐྱོར་གྱི་དཔེ་ཁུག་དང་སློབ་གོས། སློབ་སྦྱོང་ཡོ་བྱད2265སྤྲད་པ་རེད།
ལེགས་སྐྱེས་སྤྲད་པ་ཕུད། ཚོགས་པ་དེས་ད་དུང་དཔལ་སྤུངས་ཡུལ་ཤོག་ལྟེ་བའི་སློབ་ཆུང་སོགས་སློབ་གྲྭ3ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྒོར11500སྤྲད་པ་དང་།ཆར་ལྷམ་ཆ1300དང་དཔེ་དེབ་སྣ་ཚོགས15000དང་།ཚ་ཕོར200ལྷག་ཞལ་འདེབས་ཕུལ་བར་མ་ཟད།ད་དུང་སློབ་མའི་ཁྱིམ་ཚང6ལ་འཚམས་འདྲི་བྱེད་རིང་སློབ་སྐྱོར་མ་དངུལ་སྒོར1200སྤྲད་ཡོད།མ་ཎི་གད་འགོ་སློབ་ཆུང་དང་རྡོ་མང་སྟེང་གྲོང་སྡེའི་སློབ་ཆུང་སོགས་སློབ་གྲྭ4ལ་ཡང་བཅར་འདྲི་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ཧྥུ་དབྱང་ཆུས་དང་སྡེ་དགེ་རྫོང་བར་འབྲེལ་བ་བཙུགས་པ་ནས་བཟུང་། ཧྥུ་དབྱང་ཆུ་ཐིགས་སྤྱི་ཕན་ཚོགས་པ་སྡེ་དགེ་རུ་ཐེངས་དྲུག་བསྐྱོད་པ་དང་།ནུབ་རྒྱུད་སློབ་སྐྱོར་བྱེད་སྒོ་ཐེངས་གསུམ་པ་སྤེལ་བ་ཡིན་ཞིང་།རིམ་རྩིས་བྱས་ན་སློབ་གྲྭ17གྱི་སློབ་མ7061ལ་དྲོད་ཁོལ་དང་གཅེས་སྐྱོང་ཐོབ་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10