《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐོར་གླེང་བ(2023ལོའི་དཔར་མ)》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

    མི་དམངས་དྲ་བ།    2023-12-27

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐོར་གླེང་བ(2023ལོའི་དཔར་མ)》ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་བཀྲམ་པ་རེད།
     ཆེད་དོན་རྩོམ་བསྡུས་དེའི་ནང་བློ་མཐུན་ཞི་ཅིན་ཕིང་གི་2013ལོའི་ཟླ་དགུ་པ་ནས་2023ལོའི་ཟླ་བཅུ་གཅིག་པའི་བར་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྐོར་གྱི་མ་ཟིན་གལ་ཆེན་78ཙམ་བསྡུས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནི་ཀྲུང་གོ་ནས་དར་བ་དང་། དེའི་གྲུབ་འབྲས་དང་གོ་སྐབས་འཛམ་གླིང་ལ་དབང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་གནང་སྟེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་གྱི་ཐུན་མོང་གི་ཕུགས་འདུན་ལ་དམིགས་ཏེ། འཛམ་གླིང་ལ་ཤར་ཕྱོགས་ཀྱི་བློ་གྲོས་འདུས་པའི་ཐུན་མོང་དར་རྒྱས་དང་གོང་འཕེལ་གྱི་ཇུས་གཞི་བཏོན་ཡོད། དེར་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་དོན་དུ་མཉམ་སྐྲུན་རྒྱལ་ཁབ་ཀྱིས་དང་ལེན་ཧུར་ཐག་ཞུས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་སྐབས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་ཤེས་དཔལ་དང་། རིག་གནས། སྤྱི་ཚོགས་ཀྱི་ལམ་ལུགས། འཕེལ་རྒྱས་ཀྱི་དུས་མཚམས་བཅས་ཀྱི་ཧེ་བག་ལས་ཚད་བརྒལ་བྱུང་ནས། རྒྱལ་ཁབ་ཁག་དབར་འགྲོ་འོང་གི་ཐབས་ལམ་གསར་པ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་སྒྲོམ་གཞི་གསར་པ་བཏོད་པས། མིའི་རིགས་ཀྱི་ཐུན་མོང་འཕེལ་རྒྱས་ཀྱི་མཐུན་ཆ་ཆེ་ཤོས་མཉམ་དུ་འདུས་ནས་དགའ་བསུ་ཆེན་པོ་ཐོབ་པའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་སུ་གྱུར་པ་དང་། མཉམ་སྐྲུན་རྒྱལ་ཁབ་ལ་གཉིས་ཁེ་གཉིས་ཕན་བྱུང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྦྱིན་པ་མ་ཟད། ཀྲུང་གོའི་སྒོ་དབྱེ་འཕེལ་རྒྱས་ལ་གནམ་ས་གསར་པ་ཞིག་ཀྱང་བཏོད་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་ལོ་རྒྱུས་ཀྱི་ཡང་དག་གི་མཐོ་ཚད་དུ་ལངས་པ་དང་དུས་རབས་ཡར་ཐོན་གྱི་གཏན་ཚིགས་རིག་པ་དང་ཡང་མཐུན་ཞིང་བསྐྱོད་པའི་ལམ་ནི་ཡང་དག་པ་ཞིག་ཡིན་པ་དོན་དངོས་ལས་ར་འཕྲོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛུབ་ཁྲིད་ཀྱི་རྩ་དོན་དང་། ཕུན་སུམ་ཚོགས་པའི་ནང་དོན། དམིགས་ཚད་ལམ་ཕྱོགས་སོགས་ལ་རྒྱས་བཤད་གཏིང་ཟབ་གནང་ཡོད། དེ་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ལ་སྐུལ་འདེད་གཏོང་བ། སྒོ་དབྱེ་བསྟུན་མཁས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་བསྐྲུན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:བརྗིད་ཉམས་ལྡན་པའི་ལྕགས་རི་རིང་པོའི་མཛེས་ཉམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།