ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༧

སྐལ་ཐུབ་ཀྱིས་བསྒྱུར།        2023-12-14

      ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིག་རྩལ་ལས་དོན་པ་རྒྱ་ཆེན་གྱིས་ཏང་དང་བློ་གཅིག་སེམས་གཅིག་དང་མི་དམངས་དང་ཕྱོགས་མཐུན་སྤྱོད་མཐུན་བྱས་ཤིང་། ལས་དོན་གཙོ་བོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དུས་རབས་འཕེལ་རྒྱས་ཀྱི་གོམ་སྒྲ་བརྟན་པོར་བརྩེ་བ་ཆེན་པོས་ཉན་ཞིང་། བསྒྱུར་བཅོས་གསར་གཏོད་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ལ་གསོན་ཉམས་དོད་པོས་བསྔགས་པ་དང་། རིག་རྩལ་གསར་རྩོམ་དང་། རིག་རྩལ་བྱེད་སྒོ། རིག་རྩལ་དམངས་ཕན་སོགས་ཀྱི་ཐད་བྱས་རྗེས་ཧུར་ཐག་ཕུལ་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ལྷག་པར་དུ་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལས་རྒྱལ་ཁ་ཐོབ་ནས་ལོ70འཁོར་བར་དྲན་གསོ་ཞུ་བ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བ། བསྒྱུར་བཅོས་སྒོ་ཕྱེ་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ། ཀྲུང་གོ་མི་དམངས་དང་བླངས་དམག་ཨ་རྒོལ་ཁྲའོ་སྐྱོར་ལ་ཞུགས་ནས་ཕྱི་རྒྱལ་དུ་དམག་འཐབ་བྱས་ནས་ལོ70འཁོར་བར་དྲན་གསོ་ཞུ་བ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་སོགས་ཏང་དང་རྒྱལ་ཁབ་ཀྱི་བྱེད་སྒོ་གལ་ཆེན་ལ་དམིགས་པ་དང་། དབུལ་ཐར་འགག་སྒྲོལ་ལས་མཐའ་གཅིག་ཏུ་རྒྱལ་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པ་ལས་རྣམ་པར་རྒྱལ་བ་སོགས་གཙོ་དོན་ཆེན་པོ་ལ་དམིགས་པ། ཏོག་གསར་གློ་ཚད་རིམས་ཚུལ་ལ་འགོག་རྒོལ་སོགས་ཉེན་ཁ་དང་འགྲན་སློང་ཆེན་པོར་དམིགས་པ། མི་དམངས་ཀྱིས་འཚོ་བ་སྐྱིད་པོར་རེ་སྒུག་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་དམིགས་ཏེ། རིག་རྩལ་ལས་དོན་པ་རྒྱ་ཆེན་གྱིས་སེམས་ཤུགས་ཡོད་དགུ་བཏོན་ནས་གསར་རྩོམ་ལ་རྩེ་གཅིག་ཏུ་གཞོལ་ནས། བརྩམས་ཆོས་ཕུལ་བྱུང་འབོར་ཆེན་ཕུལ་ཡོད་ཅིང་། རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། མི་སེམས་གཅིག་སྒྲིལ་དང་དམངས་སེམས་ལེགས་གསོ། ཡིད་ཆེས་ངར་སློང་བཅས་ཀྱི་ནུས་པ་བཏོན་ཡོད། རྩོམ་རིག་དང་། ཟློས་གར། གློག་བརྙན། བརྙན་འཕྲིན། རོལ་དབྱངས། ཞབས་བྲོ། མཛེས་རྩལ། པར་ལེན། ཡིག་གཟུགས། གཞས་མ་གཏམ། རྩལ་རྩེད། དམངས་ཁྲོད་རིག་རྩལ། རིག་རྩལ་དཔྱད་གཏམ། མང་ཚོགས་རིག་རྩལ། སྒྱུ་རྩལ་སློབ་གསོ་སོགས་ཁྱབ་ཁོངས་ཚང་མར་ཡར་ཐོན་ཆེན་པོ་བྱུང་བ་དང་། རང་རྒྱལ་གྱི་རིག་རྩལ་བྱ་གཞག་ལ་མེ་ཏོག་མཉམ་བཞད་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཀྱི་རྣམ་པ་ཐོན་ཡོད།


       2021ལོའི་ཟླ་བ12ཚེས14ཉིན་ལ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༦
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།