ཆེད་བསྒྲིགས་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་རིམ་སྤེལ་འཆད་ཀློག》སྟོན་འགོ་བཙུགས།

        2025-08-20

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8ཚེས15ཉིན་གློག་འཕྲིན་འབྱོར་གསལ། རི་སྔོན་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བཏོན་ནས་ལོ་ངོ20འཁོར་བའི་མཚམས་སུ། ལེའུ10ཡི་བདག་ཉིད་ཅན་གྱི་ཆེད་སྒྲིག་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་རིམ་སྤེལ་འཆད་ཀློག》ཅེས་པ་ཚེས16ཉིན་ནས་ཚེས25ཉིན་བར་གྱི་ཉིན་རེའི་ཆུ་ཚོད21ཐོག་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ཐོག་ཐོག་མར་བསྟན་དང་སྟོན་བཞིན་ཡོད། ལེ་ཚན་གྱིས་རི་སྔོན་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་སོགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་དམིགས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། ལྟེ་བའི་སྙིང་དོན། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ། འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་བཅས་ལ་གསལ་འགྲེལ་གཏིང་ཟབ་བརྒྱབ་པ་དང་། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་བརྒྱུད་རིམ་ལྡན་པའི་ངང་ལན་བཏབ་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་དུས་རབས་ཀྱི་ཁྱད་ཆོས་དང་། རིགས་པའི་གཞུང་ལུགས་ཀྱི་རིན་ཐང་། ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

2005ལོའི་ཟླ་བ8ཚེས15ཉིན། སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ཡུས་གྲོང་ཚོར་རྟོག་ཞིབ་གནང་སྐབས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་གསལ་པོ་བཏོན་གནང་ཡོད། ལོ་ངོ20ཡི་རིང་། འདུ་ཤེས་དེའི་རིགས་པའི་གཞུང་ལུགས་ཀྱི་ནང་དོན་དང་ལག་ལེན་གྱི་བཀོལ་སྤྱོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་དང་རྒྱ་སྐྱེད་བཏང་བར། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་རིམ་སྤེལ་འཆད་ཀློག》གིས་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཆེད་མངགས་སྦྱོང་ཀློག་སྐུ་མགྲོན་དུ་གདན་དྲངས་ཏེ། “དམངས་ཀྱི་རེ་འདོད”དང་། “དགོངས་པའི་ཁྲིད་སྟོན” “རི་ཆུ་བདེན་དཔང་དུ་བྱེད་པ”བཅས་ལེ་ཚན་གསུམ་བཀོད་སྒྲིག་བྱས་པ་དང་། ལག་ལེན་གྱི་དཔེ་མཚོན་བརྒྱ་ལྷག་ཙམ་དང་ཟུང་དུ་འབྲེལ་ནས་གསལ་འགྲེལ་བྱས་ཡོད། དེ་དང་ཆབས་ཅིག ལེ་ཚན་གྱིས་ནགས་སྲུང་བ་དང་། འདབ་ཆགས་སྲུང་མཁན། བྱེ་བཅོས་དཔའ་བོ། གཙང་པོའི་སྐོར་གཡེང་བ་སོགས་སྐྱེ་ཁམས་སྲུང་སྐྱོང་གི་འཐབ་ས་དང་པོའི་ལས་དོན་པ་གདན་དྲངས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གཞི་རིམ་གྱི་གཏམ་རྒྱུད་གླེང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ནས་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་གསོན་ཉམས་དོད་པོས་མངོན་པར་བྱས་པ་རེད།།

( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)

  • ལེ་ཚན་སྔོན་མ།:《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།