སེར་ཤུལ་རྫོང་གིས་གཙོ་དོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ།

        2025-08-07

ཉེ་ཆར། སེར་ཤུལ་རྫོང་ཨུ་དྲིལ་བསྒྲགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་རྫོང་ཨུ་དྲིལ་བསྒྲགས་ཚོགས་པའི་སྣེ་ཁྲིད་དེ་འབད་བརྩོན་གྱི་སྟོབས་ཤུགས་གཅིག་སྒྲིལ་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་འབྲི་ཞེས་པའི་གཙོ་དོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།    


   དྲིལ་བསྒྲགས་ཚོགས་པ་སྔ་རྗེས་སུ་འབུམ་གསར་ཡུལ་ཤོག་དང་། འཇུ་ཉུང་ཡུལ་ཤོག། འབུམ་རྙིང་གྲོང་རྡལ། འཇུ་སྒར་གྲོང་རྡལ་བཅས་སུ་བསྐྱོད་ནས་དྲིལ་བསྒྲགས་པས་ཡུལ་དངོས་སུ་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཏུ་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན། དེ་བཞིན་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སོགས་གཙོ་གནད་དྲིལ་བསྒྲགས་བྱས་པ་རེད།    


   དེ་དང་ཆབས་ཅིག། མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཆེ་རུ་གཏང་རྒྱུར་དམིགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། དཔེ་མཚོན་བཅས་དྲིལ་བསྒྲགས་བྱས་པ་དང་། གྲྭ་བཙུན་ཚོའི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཆེ་རུ་གཏང་རྒྱུར་དམིགས་ནས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཡང་སྲིད་དོ་དམ་བྱེད་ཐབས》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག》སོགས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པའི་འབྲེལ་ཡོད་ནང་དོན་དྲིལ་བསྒྲགས་བྱས།    དྲིལ་བསྒྲགས་བྱེད་སྒོ་ཡུལ་ཤོག་དང་གྲོང་རྡལ4དང་སྲིད་འཛིན་གྲོང་ཚོ25ལ་སྤེལ་བ་དང་། ལས་བྱེད་པ་དང་མང་ཚོགས2370ཡིས་དྲིལ་བསྒྲགས་ལ་ཉན་པ་རེད། 


   རྗེས་མར་དྲིལ་བསྒྲགས་བྱེད་སྒོ་དེ་ད་དུང་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་གཞན་དག་ཏུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་རེད། 

   

གསར་འགོད་པ། མེ་ཏོག།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཕྲུ་གུ་གསོ་སྐྱོང་གི་གསབ་དངུལ་གང་ནས་ཞུ་ལེན་བྱ་དགོས།
  • ལེ་ཚན་རྗེས་མ།:ཟླ་བ་འདིའི་ནང་གཡག་མདོ་མྱུར་ལམ་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10