ཕྲུ་གུ་གསོ་སྐྱོང་གི་གསབ་དངུལ་གང་ནས་ཞུ་ལེན་བྱ་དགོས།

        2025-08-07

དྲྭ་ཐོག

   ཕྲུ་གུ་གསོ་སྐྱོང་གི་གསབ་དངུལ་དེ་རྒྱལ་ཡོངས་གཅིག་གྱུར་ཕྲུ་གུ་གསོ་སྐྱོང་གི་གསབ་དངུལ་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་ནས་རེ་ཞུ་བྱེད་པ་སྟེ། ཀུན་གྱིས་དྲ་ཐོག་ནས་རེ་ཞུ་འབུལ་ཆོག།    ས་གནས་ཁག་གི་ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ཕྲུ་གུ་གསོ་སྐྱོང་གི་གསབ་དངུལ་རེ་ཞུའི་ཆེད་དོན་ཁུལ་བཙུགས་པའི་དུས་མཚུངས་སུ་དངུལ་སྤྲོད་པའོ་དང་སྐད་འཕྲིན་སོགས་ཕྱོགས་གསུམ་པའི་ཞབས་ཞུའི་ལས་སྟེགས་སུ་རེ་ཞུ་བྱེད་སའི་འཇུག་སྒོ་བཙུགས་ཡོད། སྤྱི་དམངས་ཀྱིས་ལག་ཐོགས་ཁ་པར་སྤྱད་དེ་དྲ་ཐོག་ནས་སྟབས་བདེ་ངང་བསྒྲུབ་ཆོག་པ་དང་། ཕྲུ་གུ་གསོ་སྐྱོང་གི་གསབ་དངུལ་རེ་ཞུ་བྱེད་པར“ཕྱི་ལ་འགྲོ་མི་དགོས་པ་དང་། གང་འདོད་དུ་བསྒྲུབ་པ། ལས་སླ་པོར་བསྒྲུབ་པ”བཅས་མངོན་འགྱུར་བྱུང་། 


ཡུལ་དངོས།

དུས་མཚུངས་སུ་ཡུལ་དངོས་སུ་སྒྲུབ་པའི་ཐབས་ལམ་དང་མིས་བཟོས་ཞབས་ཞུ་སོར་འཇོག་བྱས་ཡོད། དམིགས་བསལ་གྱི་རྒྱུ་རྐྱེན་གྱི་རྐྱེན་པས་དྲ་ཐོག་ནས་རེ་ཞུ་བྱེད་ཐབས་བྲལ་བའི་མང་ཚོགས་ཀྱིས་ཕྲུ་གུའི་ཐོ་འགོད་བྱ་ཡུལ་ཤང་དང་གྲོང་རྡལ་དང་སྲང་ལམ་དུ་བསྒྲུབ་ཆོག རང་ཉིད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་རང་བདག་གིས་སྒྲུབ་ཐབས་འདེམས་ཆོག། 


རེ་ཞུ་བྱེད་པར་རྒྱུ་ཆ་གང་དག་དགོས།

མང་ཚོགས་ཀྱིས་རེ་ཞུ་བྱེད་པར་སྟབས་བདེ་ཡོང་ཆེད། རེ་ཞུའི་རྒྱུ་ཆ་ཁུ་བསྡུ་གང་ཐུབ་བྱེད་པའི་དམངས་ཕན་བྱེད་ཐབས་སྤྱད་ཡོད། ཕྲུ་གུ་གསོ་སྐྱོང་གི་གསབ་དངུལ་ཆ་འཕྲིན་དོ་དམ་མ་ལག་དང་། སྤྱི་བདེ་དང་དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་བཅས་ཀྱིས་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་བཙུགས་ནས། གཞི་གྲངས་ཆེན་པོ་དཔྱད་བསྡུར་མངོན་འགྱུར་བྱུང་ཡོད། དེའི་རྨང་གཞིའི་ཐོག“དགོས་ངེས་ཆུང་ཤོས”གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། “གཞི་གྲངས་མང་དུ་སྤྱོད་རྒྱུ”དང་། རྒྱུ་ཆ་ཉུང་ཙམ་འབུལ་དུ་བཅུག་ཡོད་དེ། རེ་ཞུ་བྱེད་སྐབས་ཕྲུ་གུའི་སྐྱེས་པའི་གསོ་རིག་དཔང་ཡིག་དང་ཁྱིམ་ཐོ་སོགས་ཕྲུ་གུའི་ཐོབ་ཐང་དང་གསོ་སྐྱོང་གི་འབྲེལ་བ་ར་སྤྲོད་བྱེད་པའི་དགོས་ངེས་ཀྱི་རྒྱུ་ཆ་ཙམ་ཕུལ་བ་ལས་ཆོག། 


ཡོང་ཁུངས། མི་དམངས་དྲ་བ། 

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ལོ3མན་གྱི་བྱིས་པར་ལོ་རེར་སྒོར3600ཁ་གསབ་སྤྲད་རྒྱུ་རེད།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་གཙོ་དོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10