2025-07-29
རང་ཁུལ་ལོ་སྟོད་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ན་ནིང་དུས་མཉམ་ལས་བརྒྱ་ཆ5.8འཕར་ཡོད།
སྤྱི་ཟླ7ཚེས22ཉིན་ལ། སྨྱུག་འཛིན་པས་དཀར་མཛེས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་ལྟར་ན། ལོ་སྟོད་ལ་དཀར་མཛེས་ཁུལ་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར287.19ལ་ཟིན་པ་དང་དེ་མི་འགྱུར་རིན་གོང་ལྟར་བརྩིས་ན་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.8འཕར་ཡོད།
ཐོན་ལས་ཕྱེས་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར22.31ལ་ཟིན་པ་དང་ན་ནིང་དུས་མཉམ་ལས་བརྒྱ་ཆ6.3འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར100.51ལ་ཟིན་ནས་བརྒྱ་ཆ11.2འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར164.37ལ་ཟིན་ནས་བརྒྱ་ཆ3འཕར་ཡོད། དུས་ཚིགས་ཕྱེས་ནས་བལྟས་ན། དུས་ཚིགས་དང་པོའི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.4འཕར་ཡོད། དུས་ཚིགས་གཉིས་པར་བརྒྱ་ཆ6.3འཕར་ཡོད། ལོ་སྟོད་ལ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་ཡིན་པ་དང་བརྟན་ཐོག་ཡར་འཕར་བ་དང་བརྟན་ཐོག་ལེགས་ཕྱོགས་སུ་ཕྱིན་ཡོད།
ཞིང་ལས་ཐོན་སྐྱེད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་ནགས་ལས་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཡོད། བཟོ་ལས་ཐོན་སྐྱེད་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་། ནུས་རྒྱུ་གཙང་མའི་བྱས་རྗེས་མངོན་གསལ་དོད་དུ་ཕྱིན་ཡོད། ཞབས་ཞུའི་ལས་རིགས་བརྟན་པོའི་ངང་འཕར་བ་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཡག་པོ་བྱུང་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10