དཔལ་ཡུལ་རྫོང་རིག་གནས་ཡུལ་སྐོར་དུས་ཚིགས་བྱེད་སྒོ་འགོ་བཙུགས།

        2025-07-30

སྤྱི་ཟླ7པའི་ཚེས27ཉིན། དཔལ་ཡུལ་རྫོང་གི་གནས་མཆོག་དཔལ་ཡུལ། རྩྭ་ཐང་གི་ནོར་མཆོག་ཅེས་པའི་རིག་གནས་ཡུལ་སྐོར་དུས་ཚིགས་བྱེད་སྒོ་སྐབས་གསུམ་པ་དང་དཀར་མཛེས་ཁུལ་ས་ཁམས་མཚོན་རྟགས་འཕེལ་རྒྱས་ཀྱི་ཡུལ་དངོས་ཚོགས་འདུ་ཨ་ཚབ་གྲོང་རྡལ་ནས་སྤེལ་འགོ་བཙུགས།    ཐེངས་འདིའི་བྱེད་སྒོ་དེ་ནོར་ནག་རིག་གནས་དང་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ཁྱད་ཆོས་བླ་ལྷག་ལྡན། དེའི་དམིགས་ཡུལ་ནི་ཤུགས་ཡོད་རྒུས་ཁྲོམ་ཐར་ནོར་ནག་གི“སོན་རིགས་འདུས་སྙིང”བཏོད་ནས་དཀར་མཛེས་ཁུལ“སྐྱེ་ལྡན་ཁུལ”དང“ལྷ་གཡག་དཀར་མཛེས”ཀྱི་ཐོན་ལས་བཀོད་སྒྲིག་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ལེའུ་ཡག་པོ་གཏོད་པ་དང་། ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་རིག་གནས་ཡུལ་སྐོར་ལ་བརྟེན་ནས་དམངས་ཕྱུག་དང་ཡུལ་སྡེ་དར་རྒྱས་ཡོང་བར་ནུས་པ་འདོན་རྒྱུ་རེད།    འགོ་ཚུགས་མཛད་སྒོར་རྫོང་ཡོངས་ཀྱི་ཡུལ་ཤོག་གྲོང་རྡལ16གི་འཐུས་ཚབ“དཔལ་ཡུལ་ཁྲོམ་ཐར་སྐྱ་མི་རུ་ཁག”གིས“རྟ་མཆོག་རྒྱུག་འགྲན”གྱི་རྣམ་པའི་ཐོག་ནས་བྱེད་སྒོའི་འགོ་བཙུགས་པ་རེད། དེ་རྗེས《སྤྲོ་དགའི་རྩྭ་ཐང》དང《ནོར་ནག་ལ་བསྟོད་པ》།《བདེ་སྐྱིད་འཚོ་བ》སོགས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་རིག་གནས་ལེ་ཚན་སྔ་རྗེས་སུ་འཁྲབ་སྟོན་བྱས་ནས་མཐོ་སྒང་མི་དམངས་ཀྱིས་ལོ་ལེགས་བྱུང་བའི་དགའ་སྤྲོ་དང་བདེ་སྐྱིད་འཚོ་བའི་རེ་འདུན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ངེས་ཤེས། དེ་བཞིན་ཡུལ་སྡེ་དར་རྒྱས་ལས་བྱུང་བའི་བདེ་སྐྱིད་འཚོ་བའི་རྣམ་པ་མངོན་པ་རེད།    སླད་ཕྱིན་དཔལ་ཡུལ་རྫོང་གིས་དངོས་ངམ་བཤམས་སྟོན་ཁང་འབྱེད་པ་དང་སྤུས་རྟགས་སྲུང་སྐྱོང་ས་ཚིགས་གཟུག་རྒྱུ་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ནོར་ནག་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས། རྒྱལ་ཁབ་རིམ་པའི་ཁྲོམ་ཐར་ནོར་ནག་རིགས་རྒྱུད་གསོ་སྤེལ་ཁང་ཤུགས་ཡོད་རྒུས་བསྐྲུན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་རྒྱུ་རེད།།ལོ་ཙཱ། རྟ་མགྲིན་རྡོ་རྗེ།

རྩོམ་སྒྲིག་པ། རྟ་མེ།

  • ལེ་ཚན་སྔོན་མ།:མི་རིགས་གོས་རྒྱན་བཤམས་སྟོན་འགྲན་བསྡུར་ཆེན་མོ་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10