2025-07-29
སྤྱི་ཟླ7པའི་ཚེས29ཉིན། རྟ་རྒྱུག་རིག་གནས་ཡུལ་སྐོར་དུས་ཆེན་མཁའ་དབྱིངས་གྲོང་ཁྱེར་ལི་ཐང་རྫོང་དུ་དངོས་སུ་འགོ་བརྩམས།
ཐེངས་འདིའི་བྱེད་སྒོ་དེ་རྩྭ་ཐང་རྟ་རྒྱུག་ལི་ཐང་འདྲ་བ་མེད་ཅེས་པ་གཙོ་དོན་དུ་བྱས་ཏེ། ཡུལ་མི་ཚོས་ཆེས་དགའ་བའི་རྟ་རྒྱུག་དང་ཡུལ་སྐོར་བའི་སྤྲོ་གསེང་འདུ་ཚོགས་བཅས་སྲོལ་རྒྱུན་དང་། དེང་རབས་མཉམ་འདྲེས་ཀྱི་རིག་གནས་ཡུལ་སྐོར་ཞིག་བཏོད་དེ་འཛམ་གླིང་ལ་ལི་ཐང་གི་ཐུན་མོང་མ་ཡིན་པའི་རྟ་རྒྱུག་རིག་གནས་མངོན་བཞིན་ཡོད་པ་རེད།
བྱེད་སྒོར་རིག་གནས་ཀྱི་མྱོང་རོལ་ཕུན་སུམ་ཚོགས་པོ་ཡོད་དེ། བོད་ཀྱི་ལྷ་མོའི་ཟློས་གར་དང་མི་སྟོང་གིས་ལི་ཐང་སྐོར་བྲོ་མཉམ་འཁྲབ། གཟིམ་ཁང་གནའ་བོའི་ཁྲོམ་གཞུང་། བོད་ཡིག་ཡིག་གཟུགས། སྙན་ངག་རྡེབ་བཤུས། ཁམས་ཀྱི་གོས་རྒྱན་སོགས་ལྟ་བས་མི་ངོམ་པའི་ལྟད་མོ་ཡོད་པ་རེད།
རྩོམ་གསར། 10