2025-07-29
2025ལོའི་ཟླ7པའི་ཚེས26ཉིན། མཐོ་སྒང་མི་རིགས་གོས་རྒྱན་བཤམས་སྟོན་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་དེ་དཀར་མཛེས་ཁུལ་བྲག་མགོ་རྫོང་ནས་བདེ་བླག་ངང་མཇུག་བསྒྲིལ་བ་རེད།
ཐེངས་འདིའི་མི་རིགས་གོས་རྒྱན་བཤམས་སྟོན་འགྲན་བསྡུར་ཆེན་མོ་དེ་ཀྲུང་གུང་བྲག་མགོ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཁམས་པའི་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། བྲག་མགོ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་འགན་སྒྲུབ་བྱས་ཏེ་དུས་ཡུན་ཟླ་བ་གསུམ་ཙམ་གྱི་རིང་ལ་གྲ་སྒྲིག་ལེགས་པར་བྱས་མཐར། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་གདན་ཞུས་ཆེད་མཁས་པ་དང་འགྲན་ཞུགས་པ་རྣམས་ཤེལ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཆགས་པའི་བྲག་མགོ་རྫོང་མཁར་དུ་གདན་ཐོག་གཅིག་ལ་འཛོམས་ནས་མི་རིགས་གོས་རྒྱན་རིག་གནས་བཤམ་སྟོན་གྱི་འགྲན་བསྡུར་རྒྱ་ཆེན་པོ་ཞིག་སྤེལ་བ་རེད།
ཡོང་ཁུངས། ཁམས་པའི་བརྙན་འཕྲིན།
རྩོམ་སྒྲིག་པ། ཡེ་ཤེས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10