(བདེ་སྐྱིད་ཀྱིས་བསྒྱུར།) 2025-06-11
སྤྱི་ཟླ6པའི་ཚེས5ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུ་ཐེངས67པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བ་དང་།འབྲེལ་ཡོད་ལས་དོན་ལ་གྲོས་ཞིབ་དང་གཙོ་གནད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཡོངས་ཀྱི་ཡ་རབས་གྲོང་ཁྱེར་འཛུགས་སྐྱོང་བྱ་རྒྱུ་དེ་སྲིད་གཞུང་གི་གྲོས་རིམ་གལ་ཆེན་ནང་བཅུག་ནས་གསར་གཏོད་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་དགོས།
ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་ཀྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་བསྟར་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏན་ཏིག་ཡོང་བར་མུ་མཐུད་བསྐུལ་བ་དང་།རང་ཉིད་དོ་དམ་ཡག་པོ་དང་དཔུང་ཁག་སྣེ་ཁྲིད་ཡག་པོ་བྱས་ཏེ་རིག་གནས་ཡུལ་སྐོར་ཁུལ་དང་ནུས་རྒྱུ་ཁུལ། སྐྱེ་ལྡན་ཁུལ་བཅས་ཀྱི“རྩོམ་ཡིག་གསུམ”རྒྱུན་འཁྱོངས་ངང་ལེགས་སྒྲུབ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་བསྐུལ་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་ལས་དོན་ལ་ཤུགས་རྒྱག་པ་དང་།འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་མགྱོགས་སུ་བསྐུལ་དགོས། ནུས་ཤུགས་ཡོད་རྒུས་མིས་འགོག་སྲུང་དང་ལག་རྩལ་གྱིས་འགོག་སྲུང་ལེགས་པོ་བྱས་ཏེ།གནོད་འཚེའི་ཉེན་བརྡ་སྔོན་བརྡ་དང་འཚུབ་བསྟུན་ཉེན་འགོག་བྱེད་ཤུགས་ཆེ་རུ་གཏང་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་ཞིབ་བཤེར་བཅོས་སྐྱོང་བྱས་ཏེ་ཆུ་ལོག་སྔོན་འགོག་ལ་འགན་ལེན་བྱ་དགོས་ཞེས་ནན་བཤད་གནང་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10