2025-05-23
བྲག་མགོའི་བོད་ཀྱི་གོས་རྒྱན་བཤམ་འཁྲབ་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་གདན་ཞུའི་ཡི་གེ།
བོད་ཀྱི་གོས་རྒྱན་རིག་གནས་ལ་དགའ་བའི་གྲོགས་པོ་ལགས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་ལྟ་བ་འཛུགས་པའི་གལ་ཆེའི་སྙིང་དོན་གཏིང་ཟབ་སྒོས་ལག་བསྟར་དང་། བོད་ཀྱི་གོས་རྒྱན་རིག་གནས་དར་སྤེལ། མི་རིགས་མཐུན་སྒྲིལ་དང་འབྲེལ་འདྲིས་ཇེ་ཟབ་གཏོང་ཕྱིར། ཆེད་དུ་བོད་ཀྱི་གོས་རྒྱན་བཤམ་འཁྲབ་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་འདི་སྤེལ་བ་ཡིན། འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།
གཅིག རྩ་འཛུགས་ལས་ཁུངས།
གཙོ་སྒྲུབ་སྡེ་ཁགཀྲུང་གུང་བྲག་མགོ་རྫོང་ཨུ།རྫོང་སྲིད་གཞུང་།ཁམས་པའི་བརྙན་འཕྲིན།
འགན་སྒྲུབ་སྡེ་ཁགཀྲུང་གུང་བྲག་མགོ་རྫོང་དྲིལ་བསྒྲག་པུའུ་དང་། བྲག་མགོ་རྫོང་རིག་གནས་རྒྱང་སྒྲོག་ཡུལ་སྐོར་ཁག བྲག་མགོ་རྫོང་འཕྲིན་སྦྱོར་ལྟེ་གནས། བྲག་མགོ་ཏེ་དར་བོད་ཀྱི་གོས་རྒྱན་རིག་གནས་བཤམས་སྟོན་ཁང་།བྲག་མགོ་རྫོང་མི་རིགས་རྒྱན་གོས་རིག་གནས་མཐུན་ཚོགས།བྲག་མགོ་ནོར་བཟང་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུད་འཛིན་དང་སློབ་སྦྱོང་མཐུན་ཚོགས།
གཉིས། འགྲན་ཞུགས་བྱེད་སྟངས།
༡ སྐུད་ཐོག་ཐོ་འགོད།
འགྲན་ཞུགས་ཐོ་འགོད་དང་བརྩམས་ཆོས་འདོན་སྤྲོད་དུས་ཚོད། ༢༠༢༥ལོའི་ཟླ་༥ཚེས་༡ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་པ་ནས།
འགྲན་ཞུགས་ཐོ་འགོད་དང་བརྩམས་ཆོས་འདོན་སྤྲོད་མཚམས་འཇོག་དུས་ཚོད། ༢༠༢༥ལོའི་ཟླ་༦ཚེས་༣༠ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་པ་བར།
མཇུག་འགྲན་ལ་ཚུད་པའི་མིང་ཐོ་སྤྱི་འགྲེམ་དུས་ཚོད། ༢༠༢༥ལོའི་ཟླ་༧ཚེས་༡༡ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་པ།
ཐོ་འགོད་རྒྱུ་ཆ་སྐུར་ཡུལ།lhfszyds@163.com
༢ སྐུད་འོག་འགྲན་ཞུགས།
འགྲན་བསྡུར་དུས་ཚོད། ༢༠༢༥ལོའི་ཟླ་༧པའི་མཇུག
ས་གནས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་།
འགྲན་ཞུགས་པ་གཏན་ཁེལ་ཀྱི་གནས་སུ་ཡོང་ནས་མིང་ཐོ་བཀོད་རྗེས། ཡུལ་དངོས་ནས་འགྲན་ཞུགས་དུས་ཚོད་དང་བཤམ་འཁྲབ་ཀྱི་རྒྱན་རིམ་ལེན་རྒྱུ།
གསུམ། འགྲན་ཞུགས་དགོས་འདུན།
ཐེངས་འདིའི་འགྲན་བསྡུར་ཆེན་མོ་ལ་འགྲན་སྐོར་གཉིས་ཡོད་དེ། གཅིག་ནི་བོད་ཀྱི་སྲོལ་རྒྱུན་གོས་རྒྱན་འགྲན་བསྡུར་དང་། ཅིག་ཤོས་ནི་བོད་ཀྱི་དེང་རབས་གོས་རྒྱན་འགྲན་བསྡུར་ཡིན་ལ། འགྲན་ཞུགས་པས་དེ་གཉིས་ལས་གང་རུང་གཅིག་བདམས་ནས་འགྲན་བསྡུར་ལ་ཞུགས་དགོས།
༡ བོད་ཀྱི་སྲོལ་རྒྱུན་གོས་རྒྱན་འགྲན་བསྡུར་གྱི་འགྲན་ཞུགས་དགོས་འདུན།
ཀ འགྲན་ཞུགས་གོས་རྒྱན་ཆ་ཚང་ཞིག་ཡིན་དགོས་པར་མ་ཟད། ས་གནས་དེར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ཡན་ལ་རྒྱུགས་ཆེ་བའི་གོས་རྒྱན་ཡིན་པ།
ཁའགྲན་ཞུགས་གོས་རྒྱན་ལ་ས་གནས་དེའི་ཚབ་མཚོན་རང་བཞིན་ལྡན་པ།
གའགྲན་ཞུགས་གོས་རྒྱན་ལ་ལོ་རྒྱུས་རིག་གནས་རྒྱུད་འཛིན་ཀྱི་ཁྱད་ཆོས་ཡོད་པ།
ངའགྲན་ཞུགས་གོས་རྒྱན་གྱི་རྒྱུ་ཆ་སྤུས་དག་ཅིང་བཟོ་རྩལ་རྩེར་སོན་པ། བཟོ་སྟངས་ཕུན་སུམ་ཚོགས་པ།
ཅའགྲན་ཞུགས་པས་ངེས་པར་དུ་གོས་རྒྱན་གྱི་ཁྱད་ཆོས་དང་ནུས་པ་བཤད་ཤེས་པ།
༢ བོད་ཀྱི་དེང་རབས་གོས་རྒྱན་འགྲན་བསྡུར་གྱི་འགྲན་ཞུགས་དགོས་འདུན།
ཀའགྲན་ཞུགས་གོས་རྒྱན་ཆ་ཚང་ཞིག་ཡིན་དགོས་པར་མ་ཟད། བོད་ཀྱི་གོས་རྒྱན་རིག་གནས་ཀྱི་འབྱུང་རྒྱུ་ཚང་བའི་རྨང་གཞིའི་ཐོག་འགྲན་ཞུགས་མཁན་རང་ཉིད་ཀྱིས་གསར་གཏོད་བྱས་པའི་ཐོན་དངོས་ཡིན་པ།
ཁའགྲན་ཞུགས་གོས་རྒྱན་ཇུས་འགོད་དཔེ་གསར་ཅན་ཡིན་པ་དང་། དུས་དར་མཛེས་དཔྱོད་ཀྱི་རིན་ཐང་ལྡན་པ།
གའགྲན་ཞུགས་གོས་རྒྱན་མང་ཚོགས་ཀྱི་དགའ་ཕྱོགས་དང་མཐུན་ཞིང་ཁྱབ་སྤེལ་གྱི་རིན་ཐང་ལྡན་པ།
ངའགྲན་ཞུགས་གོས་རྒྱན་གྱི་རྒྱུ་ཆ་སྤུས་དག་ཅིང་བཟོ་རྩལ་རྩེར་སོན་པ། བཟོ་སྟངས་ཕུན་སུམ་ཚོགས་པ།
ཅའགྲན་ཞུགས་པས་ངེས་པར་དུ་གོས་རྒྱན་ཀྱི་ཁྱད་ཆོས་དང་ནུས་པ་བཤད་ཤེས་པ།
༣ ཐོ་འགོད་རྒྱུ་ཆ།
ཀ གོས་རྒྱན་བཀླུབས་པའི་འགྲན་ཞུགས་པའི་མདུན་རྒྱབ་གཞོགས་གསུམ་ནས་འདྲ་པར་ལེན་དགོས་ལ། ཁ་པར་དང་པར་ཆས་གང་རུང་སྤྱོད་ཆོག
༼འདྲ་པར་རྐྱང་པའི་ཆེ་ཆུང་20MBལས་བརྒལ་མི་རུང་བ་དང་།འདྲ་པར་གྱི་ཚད་གཞི་JPG/PNG/JPEGཡིན་པ།འདྲ་པར་གྱི་ཆུ་ཞེང་3:4ཡང་ན་9:16ཡིན་དགོས།འདྲ་པར་གྱི་མིང་ལ་རང་གི་ས་གནས་དང་འགྲན་ཞུགས་པའི་མིང་གཏག་དགོས།༽
ཁ འགྲན་མིའི་ངོ་སྤྲོད་བརྙན་ཐུང་།
བརྙན་ཐུང་གི་དགོས་འདུན། བརྙན་གྱི་རིང་ཚད་སྐར་མ་གསུམ་ལས་རིང་མི་རུང་ལ། མིང་ལ་རང་གི་ས་གནས་དང་འགྲན་ཞུགས་པའི་མིང་གཏག་དགོས།
ག ཐོ་འགོད་རེའུ་མིག ༼གཤམ་གྱི་ཚད་གཉིས་ཨང་བཤེར་ནས་ཁ་བསྐང་དགོས།༽
གལ་ཏེ་ཐད་ཀར་ཁ་བསྐང་མ་ཐུབ་ན། གོང་གི་རྒྱུ་ཆ་གསུམ་པོ་སྦྲག་སྒམ་འདིར་lhfszyds@163.comབསྐུར་བའམ། འཕྲིན་ཕྲན་སྦྲེལ་ནས་འདྲི་རྨེད་བྱ་ཆོག
འདོན་སྤྲོད་བྱས་རྗེས་གཙོ་སྒྲུབ་ཚན་ཆུང་གིས་འབྱོར་ལན་བསྐུར་བྱུང་ན། ད་གཟོད་ཐོ་འགོད་ལེགས་གྲུབ་བྱུང་བ་ཡིན།
བཞི། མཇུག་འགྲན་དགོས་འདུན།
༡ འགྲན་ཚུད་གདན་ཞུའི་མི་སྣ་རྣམས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་མགོ་རྫོང་དུ་ཡོང་ནས་མཇུག་འགྲན་ལ་ཞུགས་དགོས།
༢ འགྲན་ཚུད་མི་སྣ་རྣམས་འགྲན་བསྡུར་ལ་ཞུགས་རིང་། འགྲན་ཞུགས་པའི་བཟའ་བཅའ་དང་སྡོད་གནས་གཙོ་སྒྲུབ་ཚན་ཆུང་གིས་རིན་མེད་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་རྒྱུ་མ་ཟད། ལམ་གླར་སྒོར་༡༠༠༠གསབ་སྣོན་བྱ་ངེས་ཡིན།
༣ འགྲན་ཞུགས་པས་གཙོ་སྒྲུབ་ཚན་ཆུང་གི་བཤམ་འཁྲབ་དགོས་འདུན་བརྩི་སྲུང་དང་། མཇུག་འགྲན་སྐབས་ཀྱི་གོས་རྒྱན་ནི་མིང་ཐོ་འགོད་སྐབས་ཀྱི་གོས་རྒྱན་དེ་ཡིན་དགོས།
ལྔ། འགྲན་བསྡུར་ལས་རིམ།
བསྟར་ཨང་། | དུས་རིམ། | དུས་ཚོད། | ནང་དོན། | ཟུར་མཆན། |
༡ | འགྲན་ཞུགས་བརྩམས་ ཆོས་འདོན་སྤྲོད་བྱེད་དུས། | ༢༠༢༥.༥.༡-༦.༣༠ | འགྲན་ཞུགས་རྒྱུ་ཆ་རྣམས་ཚགས་བསྡམས་ནས་གཙོ་སྒྲུབ་ཚན་ཆུང་ལ་བསྐུར་རྒྱུ། | གཙོ་སྒྲུབ་ཚན་ཆུང་གི་འབྱོར་ལན་ལ་བསྒུགས་ནས་ཐོ་འགོད་ལེགས་གྲུབ་བྱུང་མིན་བལྟ་རྒྱུ། |
༢ | འགྲན་ཞུགས་བརྩམས་ཆོས་དཔྱད་བཤེར་དུས་ཚོད། | ༢༠༢༥.༧.༡-༧.༡༠ | འགྲན་ཞུགས་བརྩམས་ཆོས་ལ་དཔྱད་བཤེར་བྱ་རྒྱུ། | གཙོ་སྒྲུབ་ཚན་ཆུང་གི་ཆེད་མཁས་པས་དཔྱད་བཤེར་བྱ་རྒྱུ། |
༣ | མཇུག་འགྲན་འགྲན་ཚུད་པའི་མིང་ཐོ་སྤྱི་འགྲེམ། | ༢༠༢༥.༧.༡༡ | མཇུག་འགྲན་དུ་འཕར་བའི་འགྲན་ཞུགས་མིང་ཐོ་སྤྱི་འགྲེམ་བྱ་རྒྱུ། | གཙོ་སྒྲུབ་ཚན་ཆུང་གིས་ཁ་པར་གྱི་ལམ་ནས་བརྡ་སྦྱོར་བ། |
༤ | མཇུག་འགྲན་དུས་ཚོད། | ༢༠༢༥.༧.༢༥-༧.༣༠ | མཇུག་འགྲན་དུ་ཚུད་པའི་འགྲན་ཞུགས་པ་སྐུད་འོག་ནས་འགྲན་བསྡུར་ལ་འཇུག་ རྒྱུ། | ཡུལ་དངོས་ནས་འགྲན་ཞུགས་དང་བྱ་དགའ་སྤྲོད་པ། |
དྲུག གཟེངས་སྣའི་བཀོད་སྒྲིག
༡འགྲན་བསྡུར་སྣ་ཁ་སོ་སོར་ཨང་དང་པོ་དང་གཉིས་པ།གསུམ་པ།ཕུལ་བྱུང་བྱ་དགའ་བཅས་བཀོད་སྒྲིག་བྱས་ཡོད།
༢ བྱ་དགའི་རྣམ་གྲངས།
ཀ བོད་ཀྱི་སྲོལ་རྒྱུན་གོས་རྒྱན་འགྲན་བསྡུར།
ཨང་དང་པོ་གཅིག དམངས་སྒོར་ཁྲི་གསུམ་དང་གཟེངས་བུམ། གཟེངས་དངོས།
ཨང་གཉིས་པ་གཉིས། སོ་སོར་དམངས་སྒོར་ཁྲི་གཉིས་དང་གཟེངས་བུམ། གཟེངས་དངོས།
ཨང་གསུམ་པ་གསུམ། སོ་སོར་དམངས་སྒོར་ཁྲི་གཅིག་དང་གཟེངས་བུམ། གཟེངས་དངོས།
ཕུལ་བྱུང་བྱ་དགའ་བཅོ་ལྔ།སོ་སོར་དམངས་སྒོར་སྟོང་གཉིས་དང་གཟེངས་བུམ།གཟེངས་དངོས།
ཁ བོད་ཀྱི་དེང་རབས་གོས་རྒྱན་འགྲན་བསྡུར།
ཨང་དང་པོ་གཅིག དམངས་སྒོར་ཁྲི་གཅིག་དང་གཟེངས་བུམ། གཟེངས་དངོས།
ཨང་གཉིས་པ་གཉིས། སོ་སོར་དམངས་སྒོར་སྟོང་དྲུག་དང་གཟེངས་བུམ། གཟེངས་དངོས།
ཨང་གསུམ་པ་གསུམ། སོ་སོར་དམངས་སྒོར་སྟོང་གསུམ་དང་གཟེངས་བུམ། གཟེངས་དངོས།
ཕུལ་བྱུང་བྱ་དགའ་ལྔ།སོ་སོར་དམངས་སྒོར་སྟོང་གཉིས་དང་གཟེངས་བུམ། གཟེངས་དངོས།
༼གོང་གི་གཟེངས་དངུལ་ཡོད་ཚད་ཁྲལ་སྔོན་དངུལ་གྲངས་ཡིན།༽
བདུན། དོ་སྣང་བྱ་ཡུལ།
༡ ཐེངས་འདིའི་འགྲན་བསྡུར་ལ་མིང་ཐོ་འགོད་གླ་སྤྲད་མི་དགོས།
༢ མཇུག་འགྲན་ཡུལ་དངོས་ནས་བྱེད་དགོས་ཤིང་། ཚོགས་པ་ཡིན་ན་འགྲན་བསྡུར་ཡུལ་དངོས་སུ་ཡོང་མཁན་མི་གཉིས་ལས་བརྒལ་མི་རུང་ལ། གཉིས་ཀ་བཤམ་འཁྲབ་ལ་ཞུགས་དགོས།
༣ གོས་རྒྱན་གྱི་བདག་དབང་དགོས་འདུན། འགྲན་ཞུགས་པས་གོས་རྒྱན་གྱི་བདག་དབང་ལ་ཁག་ཐེག་དགོས་ཏེ། གལ་ཏེ་འབྲེལ་ཡོད་རྩོམ་དབང་ཐད་ཁྲིམས་ལུགས་ཀྱི་རྩོད་པ་བྱུང་ན། འགྲན་ཞུགས་པ་རང་ཉིད་ཀྱིས་འགན་ཁུར་བ་ལས། བྱེད་སྒོ་གཙོ་སྒྲུབ་ཕྱོགས་ཀྱིས་འགན་མི་ཁུར།
༤ གཙོ་སྒྲུབ་ཁག་ལ་འགྲན་ཞུགས་པ་དང་འགྲན་ཞུགས་བརྩམས་ཆོས་ཀྱི་པར་བརྙན་རྣམས་འགྲན་བསྡུར་ཁྱབ་སྒྲོག་གི་ཆེད་དུ་སྤྱོད་པའི་དབང་ཆ་ཡོད།
༥ འགྲན་ཞུགས་སྒྲིགས་ལམ། འགྲན་ཞུགས་པས་འགྲན་བསྡུར་ཁྲོད་ཀྱི་སྒྲིག་སྲོལ་དང་འབྲེལ་ཡོད་དགོས་འདུན་ལ་བརྩི་སྲུང་བྱེད་པ་དང་། དཔྱད་འདེམ་པ་དང་བཀོད་འདོམས་པའི་བཀའ་བརྩི་དགོས་པ་ལས། གལ་ཏེ་དཔྱད་འདེམ་པའི་དཔྱད་བཤེར་དང་ལེན་མི་བྱེད་པའམ་འགྲན་བསྡུར་ལ་གནོད་ཅིང་། དོན་མེད་ཀླན་ཀ་སློང་བ་སོགས་བྱས་ན། གཙོ་སྒྲུབ་ཚན་ཆུང་ལ་འགྲན་ཞུགས་ཐོབ་ཐང་རྩིས་མེད་བྱེད་པ་དང་འགྲན་བསྡུར་སྒྲིག་སྲོལ་གྱི་མཇུག་མཐའི་འགྲེལ་བཤད་དབང་ཆ་ཡོད།
༦ འབྲེལ་གཏུག་བྱ་ཡུལ།
དགེ་རྒན་ཚུལ་བློ།༡༨༡༡༡༣༡༨༧༧༧
༼འདྲི་རྨེད་དུས་ཚོད། ༩:༠༠-༡༢:༠༠༡༤:༠༠-༡༨:༠༠༽
བྲག་མགོའི་བོད་ཀྱི་གོས་རྒྱན་བཤམ་འཁྲབ་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་གྲ་སྒྲིག་ཚན་ཆུང་གིས།
ཕྱི་ལོ་༢༠༢༥ཡི་ཟླ༥ཚེས༡ཉིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10