2025-05-21
“འཛམ་གླིང་གློག་འཕྲིན་དང་བརྡ་འཕྲིན་སྤྱི་ཚོགས་ཉིན་མོ”ཐེངས57པའི་སྐབས་སུ་མང་ཚོགས་ཀྱི་གློག་འཕྲིན་བདེ་འཇགས་འདུ་ཤེས་སྔར་བས་ཆེ་རུ་གཏང་བ་དང་བརྡ་འཕྲིན་འཕྲིན་གཏོང་ཤེས་བྱ་ཁྱབ་གདལ་གཏང་ཆེད། ཁུལ་སྤྱི་བདེ་ཅུས་དང་དཔུང་སྡེ78156། དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་བཅས་ཀྱིས་གློག་འཕྲིན་དང་འཁྱེར་འཕྲིན། འབྲེལ་འཕྲིན་བཅས་འཁོར་སྐྱོད་ཚོང་གཉེར་ཆེན་པོ་གསུམ་དང་། དེ་བཞིན་རྒྱལ་ཁབ་གློག་དྲྭ་དང་རྒྱལ་ཁབ་གློག་དྲྭ་གློག་སྐྱེལ་གློག་སྒྱུར་སྤྱི་གཉེར་ཁང་ལྕགས་ཟམ་ཁ་ཡན་ལག་བཅས་ཀྱིས་མཉམ་འབྲེལ་ཐོག་ཆེད་དོན་ལས་དོན་ཚོ་ཆུང་བཙུགས་ནས། སྤྱི་ཟླ5པའི་ཚེས15ནས16ཉིན་བར་དར་མདོ་གྲོང་ཁྱེར་དང་ར་རྔ་ཁ་གྲོང་རྡལ་རྒྱུད་ཀྱི་ཁེ་ལས་དང་ཡུལ་སྡེ་ཁག་ཏུ་གློག་འཕྲིན་ཤེས་བྱ་ཁྱབ་གདལ་དང་། སྒྲིག་བཀོད་ཉེན་མེད་སྐོར་ཞིབ་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་འཕྲིན་གཏོང་དཀའ་གནད་ཐག་གཅོད་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་འགོག་ར་བརྟན་པོར་བསྐྲུན། སྤྱི་ཟླ5པའི་ཚེས15ཉིན་མཉམ་འབྲེལ་ལས་དོན་ཚོ་ཆུང་ལམ་གཉིས་མདོ་རུ་མྱུར་དུ་འདུས་ནས་ཉིན་དང་པོའི་དྲིལ་བསྒྲགས་བྱེད་འགོ་བཙུགས། ལས་དོན་ཚོ་ཆུང་གིས་ལམ་ཁག་གཉིས་སུ་བགོས་ནས་ཀྲུང་གོའི་ལྕགས་ལམ་ཅུས་བཅོ་བརྒྱད་པ་དང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཁེ་ལས་གཉིས་སུ་སོང་ནས་ཡུལ་དངོས་ནས་འགྲེལ་བཤད་དང་ལག་དེབ་སྤྲད་པ་སོགས་ཀྱི་རྣམ་པ་བརྒྱུད་ཁེ་ལས་པར་གློག་འཕྲིན་དྲྭ་རྒྱའི་བདེ་འཇགས་དང་འཕྲིན་གཏོང་ཁ་བསླུས་སྔོན་འགོག་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བར་མ་ཟད། ཁེ་ལས་པས་བཏོན་པའི་འཕྲིན་གཏོང་བརྡ་རྟགས་ཞན་པ་དང་དྲྭ་རྒྱའི་སྐྱོན་སོགས་ཀྱི་གནད་དོན་ལ་དམིགས་ནས་ལག་རྩལ་རོགས་སྐྱོར་བྱས་པ་རེད། དེ་དང་ཆབས་ཅིག་ལས་དོན་ཚོ་ཆུང་གིས་དར་མདོ་གྲོང་ཁྱེར་མཛའ་གཞས་ཐང་ཆེན་དུ་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ། ལས་དོན་མི་སྣས་དཔེ་མཚོན་འགྲེམ་སྟོན་དང་མཉམ་འགུལ་དྲིས་ལན་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་མི་ཚོར་གློག་འཕྲིན་གྱི་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ཐབས་རྩལ་ཁྱབ་གདལ་བཏང་བ་དང་ཡུལ་དངོས་ནས་ཞུ་གཏུག་དང་གྲོས་འགོ་དང་ལེན་བྱས། བྱེད་སྒོར་མང་ཚོགས་བརྒྱ་ལྷག་ཞུགས་པ་དང་རིམ་རྩིས་བྱས་ན་གནད་དོན50ལྷག་ཐག་གཅོད་དང་དྲིལ་བསྒྲགས་དངོས་རྫས1000ལྷག་སྤྲད་པ་རེད། གཞན་ཡང་ཁུལ་ཡོངས་ཀྱི་རྫོང་ཁག་གི“གློག་གསུམ”གཞུང་དོན་ཁང་གིས་དུས་མཉམ་དུ་མངའ་ཁོངས་དྲིལ་བསྒྲགས་བྱས་ནས་ས་ཁོངས་ཡོངས་ཀྱི་མཉམ་འགུལ་ཕན་འབྲས་ཆགས་པར་བྱས། བྱེད་སྒོའི་རིང་ལས་དོན་ཚོ་ཆུང་གིས་གཙོ་གནད་ཐོག་ཕྱི་རོལ་གྱི་ཉེན་ཁའི་གནད་གཉིས་ལ་སྐོར་ཞིབ་བྱས་ནས་སྐུད་ལམ་སྒྲིག་བཀོད་ཀྱི་མངོན་མེད་ཉེན་ཁ་ཞིབ་བཤེར་བྱས་པར་མ་ཟད། ཁེ་ལས་དང་གྲོང་མིར་གློག་ཤུགས་དང་འཕྲིན་གཏོང་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ངོས་འཛིན་བྱ་རྒྱུར་མཛུབ་ཁྲིད་བྱས། ཐེངས་འདིའི་བྱེད་སྒོ་ལ་སྤྱི་བདེ་དང་ཁེ་ལས། སྤྱི་པའི་ཞབས་ཞུའི་སྡེ་ཚན་བཅས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ“སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་གྱིས་དམངས་འཚོར་ཞབས་འདེགས་ཞུ་བའི”ཁྱད་ཆོས་འབུར་དུ་ཐོན་ཡོད། ཁུལ་སྤྱི་བདེ་ཅུས་ཀྱི་བདེ་འཇགས་ཡན་ལག་རུ་ཁག་གི་ཉེན་རྟོག་པ་ཅང་ཧའེ་ཆོན་གྱིས“འཛམ་གླིང་གློག་འཕྲིན་ཉིན་མོ་གོ་སྐབས་སུ་བྱས་ནས‘གློག་གསུམ’སྒྲིག་བཀོད་སྲུང་སྐྱོང་དང་འཕྲིན་གཏོང་ཞབས་ཞུ་ལེགས་སུ་གཏང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་མང་ཚོགས་ལ་བདེ་འཇགས་དང་སྟབས་བདེའི་བརྡ་འཕྲིན་མྱུར་ལམ་བསྐྲུན་རྒྱུ་ཡིན”ཞེས་བཤད། ཉིན་གཉིས་རིང་གི་བྱེད་སྒོ་སྤེལ་བ་བརྒྱུད། མང་ཚོགས་ཀྱིས་འཕྲིན་གཏོང་ལག་རྩལ་དང་བདེ་འཇགས་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་པར་མ་ཟད། སྡེ་ཚན་ཁག་གིས་མཐུན་སྦྱོར་དམག་འཐབ་དང་དམངས་འཚོ་ཞབས་ཞུའི་འགན་འཁྲི་འཁུར་རྒྱུ་ཡང་མངོན་ཡོད། མཉམ་འབྲེལ་ལས་དོན་ཚོ་ཆུང་གིས་དངོས་སྒྲུབ་བྱ་ཐབས་བརྒྱུད་ནས་མང་ཚོགས་ཀྱི་དགོས་མཁོར་ལན་བརྒྱབ་སྟེ་མཐོ་སྒང་ས་ཁུལ་གྱི་འཕྲིན་གཏོང་བདེ་འཇགས་འགན་ལེན་དང་ཨང་ཀི་ཅན་གྱི་རྣམ་པ་བསྒྱུར་བར་སྒུལ་ཤུགས་གསར་པ་བསྣན།།ལོ་ཙཱ། རྟ་མགྲིན་རྡོ་རྗེ། རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10