2025-05-22
“འབ་འབ”སྒྲོག་པའི་སྒོ་ཁྱི་དང་། མཆེ་བ་གཙིགས་པའི་རི་སྤྱང་གིས། མུན་ནག་གི་མཚན་མོའི་ལྷིང་འཇགས་དཀྲོགས་ཏེ། ངའི་སེམས་ཀྱི་ལུག་ཁྱུ་བསྔངས་ཤིང་འདྲོགས། དེ་ནས་བཟུང་། གྲིབ་གཟུགས་མེད་པའི་མེ་ལྕེ་མང་པོ། ཁ་རོག་གེར་འཇབ་འོངས་ཏེ། ངའི་རྨི་ལམ་གྱི་ཁ་དོག་བསྒྱུར། ཡོད་ཚད་གཉིད་ཟིན་པའི་ཤུལ་དུ་ མིང་ཟུང་ལྟ་བུའི་སྐར་མ་མང་པོ། ལང་ལོང་དུ་འཚངས་འོངས་ཏེ། ངའི་ལུ་གུ་ལྟ་བུའི་སེམས་པར་བལྟས་བལྟས་རྗེས། “འདི་ལ་ཡིད་རྟོན་མི་འདུག”ཟེར། དེ་སྐད་ཐོས་པས། ངའི་དཔེ་དེབ་ཀྱིས་ཨག་རིང་ཞིག་བཏབ་ནས་ཧད་ཅིང་། ངའི་སྨྱུ་གུ་ཁོང་ཁྲོ་དང་བཅས་ཡར་ལངས་ཏེ། སྟོང་ལྷང་ལྷང་གི་ནམ་མཁར་སྡང་མིག་བགྲད་ཞོར། “ཁོ་མི་དེ་འདྲ་ཞིག་མིན”ཞེས་བྲིས།རྩོམ་པ་པོ། ཉག་ཕྲན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10