2025-05-21
སྤྱི་ཟླ5པའི་ཚེས17ཉིན། བརྩེ་དུང་གློག་བརྙན《གཏན་དུ་མི་ཡལ་བའི་བརྩེ་བ》ཞེས་པ་ཐོག་མར་གཏོང་བའི་མཛད་སྒོ་དར་མདོ་གྲོང་ཁྱེར་དུ་སྤེལ། གློག་བརྙན་འདི་ནི་གློག་བརྙན་སྒྱུ་རྩལ་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། རིག་གནས་ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པ་ཞིག་ཡིན་ལ། ཨོ་མེ་གློག་བརྙན་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གིས་བཟོ་སྐྲུན་བྱས་ཤིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡིས་མཉམ་འབྲེལ་ཕབ་སྐྲུན་བྱས་པ་ཞིག་ཡིན། འཁྲབ་ཁྲིད་པ་ཏིང་ཕེ་ཡིས་འཁྲབ་ཁྲིད་བྱས་ཤིང་། འཁྲབ་སྟོན་པ་ཀུའོ་ཅུན་ཁྲེན་དང་སུན་དབྱི་ཧན། ཀྲོའུ་ཡན་ཁྲེན། གོ་ཞིན་དབྱི། ལི་ཐང་བསྟན་འཛིན་སོགས་ཀྱིས་འཁྲབ་སྟོན་བྱས་པ་ཞིག་ཡིན། སི་ཁྲོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་དང་། དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཨོ་མེ་གློག་བརྙན་ཚོགས་པ་སོགས་ལས་ཁུངས་ཁག་གི་འབྲེལ་ཡོད་མགོ་ཁྲིད་མཛད་སྒོར་ཞུགས། གློག་བརྙན་འདིའི་ནང་དུ་གཙོ་བོ་རོལ་ཚོགས་ཤིག་གི་གླུ་པ་ལིན་ནན་དབྱི་ལ་བསམ་ཡུལ་འདས་པའི་དོན་རྐྱེན་ཞིག་བྱུང་རྗེས། དཀར་མཛེས་ཁུལ་དུ་ཡོང་ནས་མི་ཚེའི་ཁ་ཕྱོགས་གསར་པ་འཚོལ་བའི་ལམ་དུ། གནས་ཚང་གི་སྦྱིན་བདག་ལིན་ཆི་ཆི་དང་འཕྲད་ནས་ཕན་ཚུན་ངོ་ཤེས་ཤིང་བརྩེ་བ་ཆགས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད་ལ། དུས་མཚུངས་སུ་སངས་རྒྱས་དང་པའོ་པའོ་ལན་བར་གྱི་བརྩེ་དུང་གི་གཏམ་རྒྱུད་བརྗོད་ནས། ད་ལྟའི་ན་ཆུང་གཞོན་ནུ་ནི་བརྩེ་དུང་དང་ཕུགས་འདུན་གྱི་ཁྲོད་ནས་ཇི་ལྟར་འཚར་ལོངས་བྱུང་བ་དང་། བརྩེ་བ་དང་ཕུགས་འདུན་ཇི་ལྟར་བརྟན་སྲུང་བྱེད་པའི་སྙིང་སྟོབས་མངོན་པར་བྱས་ཡོད། གློག་བརྙན་འདིར་བསླུ་མེད་ཀྱི་བརྩེ་བ་གླེང་བར་མ་ཟད། ད་དུང་དཀར་མཛེས་ཁུལ་གྱི་བརྗིད་ཆགས་པའི་རི་ཀླུང་དང་། མི་ཆོས་ཀྱི་མཛེས་པ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད། ཡུལ་སྡེ་དར་རྒྱས་ཀྱི་རྣམ་པ་གསར་པ་སོགས་མཚོན་ཡོད་པ་རེད།
ལོ་ཙཱ། ཨོ་རྒྱན། རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10