ཡེ་ཤེས་ཀྱིས་བསྒྱུར། 2025-04-30
སྤྱི་ཟླ4པའི་ཚེས25ཉིན། དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་དཀར་མཛེས་བཟོ་པའི་མིང་འདོགས་ཚོགས་འདུ་སྐབས་དང་པོ་དར་མདོར་འཚོགས་ཤིང་བཟོ་པ40ལ་མིང་ཐོབ་པ་རེད། ཁུལ་ཨུ་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཡིའུ་ཞང་ཧྥེ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།
ཚོགས་འདུར《དཀར་མཛེས་ཁུལ་སྐབས་དང་པོའི་དཀར་མཛེས་བཟོ་པར་མིང་འདོགས་པའི་སྐོར་གྱི་ཆོད་དོན》བཀླགས་པ་དང་། ཁུལ་མགོ་ཁྲིད་ཡིའུ་ཞང་ཧྥེ་དང་རིན་ཆེན། བསོད་ནམས་དབྱང་ཅན། ལིའུ་ཧུང་བཅས་ཀྱིས་བཟོ་པ་ཚོ་ལ་གཟི་བརྗིད་ལག་ཁྱེར་སྤྲད་པ་དང་། སི་ཁྲོན་བཟོ་པའི་འཐུས་མི2ལ་བྱ་དགའ་སྤྲད། དཀར་མཛེས་ལས་རིགས་སློབ་གླིང་དང་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ3ལ་བཟོ་པ་སློབ་གླིང་གི་རྟགས་བྱང་སྤྲད་པ་རེད།
རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་འཆི་མེད་རྡོ་རྗེ་དང་། སི་ཁྲོན་གྱི་བཟོ་པ་པ་སངས་དོན་གྲུབ། དཀར་མཛེས་བཟོ་པ་ཚེ་རིང་ལྷ་མཚོ། ཅིན་ཁེ་ཁྲུན། ཐན་ཏན་ཀྲེ་བཅས་རིམ་བཞིན་གར་སྟེགས་སུ་བསྐྱོད་དེ་ཁོ་ཚོའི་འཚར་ལོངས་བྱུང་བའི་བརྒྱུད་རིམ་དང་། ལས་ཀའི་ཉམས་མྱོང་། འབད་འཐབ་གཏམ་རྒྱུད་བཅས་སྤེལ་རེས་བྱས་པ་རེད། ཡིའུ་ཞང་ཧྥེ་ཡིས་དཀར་མཛེས་བཟོ་པའི་མིང་ཐོ་ཁྱབ་བསྒྲགས་གནང་བ་དང་། བཟོ་པ་ཚོས་མཐོ་སྒང་གར་སྟེགས་སུ་བྱས་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དང་། བརྐོས་རྩལ་ལ་བློ་རྩེ་གཅིག་སྒྲིམ་བྱས་ནས་རང་སོ་སོའི་ལས་གནས་ཐོག་སྤུས་ལེགས་བརྩོན་ལེན་གྱི་བཟོ་རྩལ་སྙིང་སྟོབས་ལག་ལེན་བསྟར་བ་དེ་ནི་འབད་བརྩོན་མཐའ་གཅིག་ཏུ་བྱེད་པ་དང་ཕུལ་བྱུང་དོན་གཉེར་བྱེད་པའི་ལས་རིགས་ཀྱི་ཚད་གཞི་ཞིག་རེད་བཅས་གསུང་པ་དང་ཆབས་གཅིག་ཏུ་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་བཟོ་པ་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཤིང“རྒྱལ་ཁབ་ཆེན་པོའི་བཟོ་པ”དང“སི་ཁྲོན་བཟོ་པ” “དཀར་མཛེས་བཟོ་པ”མིག་དཔེར་བྱས་ནས་དྲིན་དྲན་གྱི་བསམ་པས་འབད་འབུངས་ཧུར་སྐྱོད་བྱ་དགོས་པའི་འབོད་སྐུལ་གནང་བ་རེད། དཀར་མཛེས་ལས་རིགས་སློབ་གླིང་དང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཅས་ཀྱི་འགན་འཁུར་གཙོ་བོ། རྫོང་ཁག18ཀྱི(གྲོང་ཁྱེར)སྤྱི་ཁྱབ་བཟོ་ཚོགས་འབྲེལ་ཡོད་འགན་འཁུར་བ། དར་མདོ་ས་ཁུལ་གྱི་ལས་རིགས་ཁག་གི་ངལ་རྩོལ་དཔེ་སྟོན་པ། སྔོན་ཐོན། ལས་རྣམ་གསར་པའི་ངལ་རྩོལ་པ། ལས་བཟོ་ཕུལ་བྱུང་་འཐུས་མི། དཀར་མཛེས་ཁུལ་གྱི་སི་ཁྲོན་བཟོ་པ། མིང་ཐོབ་པའི་སྐབས་དང་པོའི་དཀར་མཛེས་བཟོ་པའི་འཐུས་མི་བཅས200ལྷག་ཚོགས་འདུར་ཞུགས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10