2025-04-24
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་པར་འགྲེམས་བྱས་པའི《མི་དར་མའི་གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་དྲེག་ནད་གྱི་ཟས་སྤྱོད་ཕྱོགས་སྟོན(2024ལོའི་པར་གཞི)》ཡི་ནང་། དྲེག་ནད་ན་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ན་གཞོན་ཅན་དུ་འགྱུར་བའི་རྣམ་པ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅེས་བསྟན་ཡོད། གཞོན་ནུའི་ཁྲོད་དུ་ནད་གཞི་འདི་ན་མཁན་མང་དུ་འགྲོ་བའི་རྒྱུ་མཚན་ཅི་ཡིན་ནམ། གཅིན་སྐྱུར་མཐོ་བ་དང་དྲེག་ནད་ནི་རྒྱུ་རྐྱེན་གང་དག་གིས་སློང་བ་ཡིན་ཞེ་ན། རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། དྲེག་ནད་ནི་བརྗེ་ཚབ་རང་བཞིན་གྱི་ནད་རིགས་ཤིག་ཡིན་ཞིང་། ནད་དེ་ན་རྐྱེན་གཙོ་བོ་ནི་ཤ་རྒྱགས་དྲག་པ་དང་། ཆང་འཐུང་བ། ཁྲག་ཤེད་མཐོ་བ། སྐྱེ་ལྡན་འདྲེས་སྦྱོར་འགྱུར་རྫས་ཕུ་རོན་མཐོ་བའི་ཟས་རིགས་ཟ་བ་སོགས་ཡིན། གཅིན་སྐྱུར་མཐོ་བའི་ཁྲག་ནད་ནི་དྲེག་ནད་ཀྱི་སྐྱེ་དངོས་རྫས་འགྱུར་གྱི་རྨང་གཞི་གལ་ཆེན་ཞིག་ཡིན། རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། མདོག་དམར་པོ་ཆགས་པ་དང་། སྐྲངས་པ། ཚ་བ་རྒྱག་པ། ན་ཟུག་གཏོང་བ་བཅས་ནི་དྲེག་ནད་ཀྱི་དཔེ་མཚོན་ནད་རྟགས་ཡིན་པ་མ་ཟད། སྤྱིར་རྐང་པའི་མཐེ་བོང་དང་རྐང་ལོང་། པུས་མོ་བཅས་སུ་ན་གི་ཡོད་ཅིང་། རྟག་ཏུ་མཚན་མོའམ་ཡང་ན་ཐོ་རེངས་ཀྱི་སྐབས་སུ་ན་འགོ་ཚུགས་ཀྱི་ཡོད། རྒྱལ་སའི་གསོ་རིག་སློབ་ཆེན་ཞོན་ཝུའུ་སྨན་ཁང་གྲུམ་ནད་རིམས་ཐར་ཚུལ་ལྡོག་ཚུར་སྣང་ཁོའོ་ཡི་སྨན་པ་དཀའ་བཅུ་པ་གཞོན་པ་ལི་ཞུའེ་མེ་ཡིས། རྒྱུ་རྐྱེན་གཙོ་བོ་ནི་བཟའ་བཏུང་གི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་བ་སྟེ། ཤ་དང་མཚོ་ཟས་མང་དྲགས་པ་དང་། དེ་བཞིན་གཞོན་ནུ་ཁ་ཤས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་བ་དང་མཚན་འཁྱོངས་བྱེད་པ། ད་དུང་ཐཱན་སྐྱུར་བཏུང་བྱ་དང་བཏུང་ཆ་མངར་མོའི་རིགས་ལ་དགའ་བ། གཞན་ཡང་ཤ་རྒྱགས་དྲག་པ་དང་འགུལ་སྐྱོད་ཉུང་བ། ཆུ་མང་པོ་འཐུང་བའི་གོམས་གཤིས་མེད་པ་སོགས་ཡིན་ཞེས་གསུངས་ཡོད། པེ་ཅིང་སློབ་ཆེན་རྒྱལ་སྤྱིའི་སྨན་ཁང་གྲུམ་ནད་རིམས་ཐར་ཚན་ཁག་གི་ཀྲུའུ་རེན་སྨན་པ་ལི་ཧྲེང་ཀོང་གིས། སྲོག་ཆགས་སྣ་ཚོགས་ཀྱི་ནང་ཁྲོལ་དང་མཚོ་ཟས། ལྷག་པར་དུ་མཚོ་ཉ་སོགས་ཕུ་རོན་མཐོ་བའི་ཟས་རིགས་ཉུང་ཙམ་ཟ་བ་དང་། སྦི་རག་དང་ཨ་རག་དཀར་པོ་སོགས་སྤང་གང་ཐུབ་བྱེད་དགོས་པ་མ་ཟད། ད་དུང་ཡག་ཤོས་བྱུང་ན་བསྲེགས་ཟས་དང་རྒྱ་ཁོག་ཀྱང་ཟ་མི་རུང་ཞེས་གསུངས་ཡོད། ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན། རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ།
རྩོམ་གསར། 10
 ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོ
 ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོ ཁྲི་ཀའི་བོན་པོ་གདོང་སྣ།
 ཁྲི་ཀའི་བོན་པོ་གདོང་སྣ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ75འཁོར་བར
 དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ75འཁོར་བར ཞི་ཅིན་ཕིང་གིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཀྱི་ཚོགས་འད
 ཞི་ཅིན་ཕིང་གིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཀྱི་ཚོགས་འད ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་དང་མཇ
 ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་དང་མཇ ཞི་ཅིན་ཕིང་གིས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་མཇ
 ཞི་ཅིན་ཕིང་གིས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་མཇ ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆ
 ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆ 《བདེན་འཚོལ》དུས་དེབ་ཏུ་ལྗར་འགོག་སྙིང་སྟོབས་ཀྱི་རྩོམ
 《བདེན་འཚོལ》དུས་དེབ་ཏུ་ལྗར་འགོག་སྙིང་སྟོབས་ཀྱི་རྩོམ དེ་རིང་གི་དྲན་གསོའི་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གིས་ནན
 དེ་རིང་གི་དྲན་གསོའི་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གིས་ནན རང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆེན་ཐད་ག
 རང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆེན་ཐད་ག